ཐུན་རིན་རྫོང་གིས་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་ཤུགས་བཀོལ་ནས་དཔལ་འབྱོར་བསྐྱར་དར་ལ་ཡར་སྐུལ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལྔ་གཅིག”གི་ཚུན་དུ། རྨ་ལྷོ་ཁུལ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གིས་ཐུན་རིན་དུས་རབས་ཧྭ་ལེན་དང་གྱོན་ཆས་ཞིང་ཁམས། ཝེ་ཏ་ནས་ཆང་སོགས་ཀྱི་ཚོང་ར་དང་རང་འདེམས་ཚོང་ཁང(ཟ་ཁང)རྩ་འཛུགས་བྱས་ཏེ་དམངས་ཕན་སྐུལ་ཚོང་བྱ་འགུལ་རྒྱ་ཆེར་སྤེལ་ནས་འཛད་སྤྱོད་ཀྱི་ནུས་ཤུགས་གློད་འགྲོལ་བྱས་ཤིང་དཔལ་འབྱོར་བསྐྱར་དར་ལ་ཡར་སྐུལ་བྱས།

རྫོང་འདིས་འཛད་སྤྱོད་ལ་ཡར་སྐུལ་བྱེད་པའི་བྱ་འགུལ་ཁྲོད་དུ་དྲིལ་སྒྲོག་བརྡ་ཁྱབ6000བཟོས་པ་དང་མ་དངུལ་སྒོར37500ཡི་བྱ་དགའི་ཚོང་རྫས་བཀོད་སྒྲིག་བྱས། བྱ་འགུལ་དང་འབྲེལ་བའི་ཤའི་རིགས་དང་སྔོ་ཚོད། སིལ་ཏོག སྐོམ་ཆུ། ཞོར་ཟས། གྱོན་ཆས་དང་ལྷམ་དང་ཞྭ་མོ། ཆང་། ཇ་ལོ། འཚོ་བའི་མཁོ་དངོས་སོགས་ཀྱི་ཚོང་རྫས་སྣ་ཚོགས་རིན་གོང་གཅིག་ཚད་ཆེས་མཐོ་བ30%ལ་སླེབས།

བདེ་འཇགས་དང་བདེ་ཐང་ངང་འཛད་སྤྱོད་བྱེད་དུ་འཇུག་ཆེད། རྫོང་འདིས་སྐུལ་འཚོང་བྱ་འགུལ་སྤེལ་ཡུལ་དུ་ཆེད་ལས་མི་སྣ་བཀོད་སྒྲིག་བྱས་པ་དང་། བདེ་འཇགས་མཚོན་རྟགས་བཀལ་བ། བྲེལ་བསྟུན་དོ་དམ་ལེགས་པོ་བྱས་ཏེ། སྒྲིག་ལམ་ཟང་ཟིང་དང་མེ་སྐྱོན་སོགས་ཀྱི་དོན་རྐྱེན་འབྱུང་བར་སྔོན་འགོག་བྱསཔ་དང་། དེས་མི་ཚད་མི་ཚོགས་འདུ་འཛི་ཆེ་བའི་བསྟི་གནས་ལ་དུག་སེལ་དང་ཐོ་འགོད་བྱེད་པ་སོགས“བདེ་ཐང་འཛད་སྤྱོད”ཀྱི་འབྲེལ་ཡོད་བྱ་བ་ལེགས་པོར་བསྒྲུབས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།