མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ནས་ཝང་ཅན་ཅུན་ཚོགས་གཙོ་དང་ལིག་ཉིང་དང་ཀྲང་ཀོང་རུང་ཚོགས་གཙོ་གཞོན་པར་བསྐོས།

——རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ནས་ཝང་ཅན་ཅུན་ཚོགས་གཙོ་དང་།ལིག་ཉིང་དང་ཀྲང་ཀོང་རུང་ཚོགས་གཙོ་གཞོན་པར་བདམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས21ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ནས་ཝང་ཅན་ཅུན་ཚོགས་གཙོ་དང་། ལིག་ཉིང་དང་ཀྲང་ཀོང་རུང་ཚོགས་གཙོ་གཞོན་པར་བདམས།

微信图片_20200522092557.jpg

ཟླ5བའི་ཚེས21ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།

ཚོགས་འདུའི་སྟེང་། མཚོ་སྔོན་ཞིང་ཆེན་འཐུས་ཚབ་ཚོགས་པས《རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་གི་མིང་ཐོ(འཆར་ཟིན)》《རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ(འཆར་ཟིན)》ལ་གྲོས་ཞིབ་བྱས་པ་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲ་སྒྲིག་ཚོགས་འདུར་གྲོས་ཞིབ་རེ་ཞུ་བྱ་རྒྱུར་མོས་མཐུན་བྱུང་བ་རེད། 

ཝང་ཅན་ཅུན་གྱིས་བཤད་རྒྱུར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ནི་ཞི་ཅིན་ཕིང་བློ་མཐུན་ལྟེ་བར་བཟུང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་འོག རིམས་འགོག་དམག་འཐབ་ལ་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། གཅིག་གྱུར་འཆར་འགོད་ཀྱིས་རིམས་ནད་སྔོན་འགོག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བར་དགེ་མཚན་ལྡན་པའི་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་བའི་དམིགས་བསལ་གྱི་དུས་སྐབས་འདིར། དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་གནད་འགག་གི་དུས་འདིར་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། མཚོ་སྔོན་གྱི་འཐུས་མི་ཡོངས་ཀྱིས“འདུ་ཤེས་བཞི“སྲ་བརྟན་དུ་གཏོང་བ་དང་། “ཡིད་ཆེས་བཞི“བརྟན་པོར་བཅིངས་བ། “སྲུང་སྐྱོང་གཉིས“སྒྲུབ་ཐུབ་པ་བྱས་ཏེ།  ཆབ་སྲིད་ཀྱི་འགན་ཁུར་བསམ་པ་དང་འགན་འཁྲིའི་བསམ་པ་མཐོན་པོར་བཅིངས་ནས་ཚོགས་འདུ་ཡག་པོར་འཚོག་པ་དང་། ལས་འགན་ཡག་པོར་འཁུར་བ། འགན་འཁྲི་ཡག་པོར་སྒྲུབ་དགོས། བསམ་བློའི་སྟེང་ཚད་མཐོན་པོས་མཐོང་ཆེན་དང་གྲ་སྒྲིག་གི་ཐད་ཆ་ཚང་ནན་ཏན་བྱེད་པ། སྒྲིག་ལམ་གྱི་ཐོག་བླང་བྱ་ནན་མོ་དགོས་པ། བདེ་འཇགས་ཀྱི་སྟེང་ནོར་འཁྲུལ་གཅིག་ཀྱང་མི་འབྱུང་བ་བྱས་ཏེ། སྔར་རྒྱུན་བཞིན་སྤྱོད་ཚུལ་ཡག་པོ་འཛུག་པ་དང་དར་སྤེལ་བཏང་སྟེ། མཚོ་སྔོན་འཐུས་མིའི་བསམ་པའི་རྣམ་པ་བཟང་པོ་མངོན་ནས་ཚོགས་འདུའི་ལས་འགན་སོ་སོ་བདེ་ལེགས་ངང་འགྲུབ་པར་ཁག་ཐེག་བྱེད་དགོས།

ཉིན་དེའི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་པས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞི་དང་བསམ་འཆར་ལ་བགྲོ་གླེང་དང་ཞིབ་འཇུག་བྱས་པ་རེད།

མཚོ་སྔོན་ཞིང་ཆེན་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཁྲིན་མིང་ཀའོ་དང་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་མིན་ཡོན་ཧྲན་ཚོགས་འདུར་ཟུར་ཞུགས་བྱས་ཡོད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།