མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཞུང་ཞབས་པའི་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གཞུང་ཞབས་པའི་ལས་དོན་སྐུལ་སྤེལ་ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པར་འཚོགས། ཚོགས་འདུའི་ཐོག་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་པུའུ་ཀྲང་ཚོགས་འདུ་དང་རྒྱལ་ཡོངས་ཀྱི་གཞུང་ཞབས་པའི་ལས་དོན་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས2019ལོའི་ཞིང་ཆེན་ཡོངས་ཀྱི་གཞུང་ཞབས་པའི་ལས་དོན་ལ་ཕྱོགས་སྡོམ་དང་ཕྱིར་དྲན་བྱས་ལ། 2020ལོའི་གཞུང་ཞབས་པའི་ལས་དོན་ཏན་ཏིག་ངང་བསྒྲུབ་པར་བཀོད་སྒྲིག་བྱས། 

ཚོགས་འདུས་ནན་གྱིས་བསྟན་དོན། ད་ལོའི་ལས་དོན་ཡག་པོ་སྒྲུབ་པར་བསམ་བློའི་དྲག་ཆས་སྤྲས་ཤུགས་ཆེ་རུ་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་གཏིང་ཟབ་ཕྱོགས་སུ་སྐྱོད་པ་དང་། སེམས་ནང་དུ་འཇོག་པ། ཏན་ཏིག་ཏུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་དགོས། རིགས་དབྱེ་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། གོ་གནས་དང་འགན་རིམ་མཉམ་སྒྲུབ་ལམ་ལུགས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཁྲིམས་བསྟར་ཞབས་ཞུ་དང་ཉེན་དོན་ལག་རྩལ་གྱི་འགན་རིམ་རིམ་པའི་ལམ་ལུགས་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ་ཆེད་ལས་ལག་རྩལ་རིགས་དང་ཁྲིམས་བསྟར་རིགས། གཞུང་ཞབས་པའི་རིགས་དབྱེ་དོ་དམ་བསྒྱུར་བཅོས་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཚད་གཞིའི་བླང་བྱ་མཐའ་འཁྱོངས་བྱས་ནས་གཞུང་ཞབས་པ་རྒྱུགས་སྤྲོད་བསྡུ་ལེན་དང་། ལས་གནས་བརྗེ་བ། ལས་སྒྱུར་བསྐོ་གཞག གདན་ཞུ་ལས་བསྐོ་སོགས་ཀྱི་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་ཡག་པོ་བྱས་ནས་གཞུང་ཞབས་པའི་དཔུང་ཁག་གི་གྲུབ་ཆ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་དགོས། བྱང་ཚད་དང་ནུས་པ་ཆེ་རུ་བཏང་ནས་བསམ་བློ་སྦྱོང་བརྡར་དང་ཆབ་སྲིད་སྦྱོང་བརྡར། ཆེད་ལས་སྦྱོང་བརྡར། ལག་ལེན་སྦྱོང་བརྡར་བཅས་ལ་ཤུགས་སྣོན་བརྒྱབ་སྟེ“རིགས་བཞིའི་གསོ་སྦྱོང”གང་ལེགས་བྱས་ཏེ་གཞུང་ཞབས་པའི་དཔུང་ཁག་གི་ལམ་ལུགས་ལག་བསྟར་བྱེད་ཤུགས་དང་བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏོང་དགོས། འགན་འཁྲི་འཁུར་སེམས་དང་བྱ་སྤྱོད་ལ་སྐུལ་མ་བཏང་ནས་དཔྱད་ཞིབ་གནད་འཁེལ་དང་དྲང་ནུས་སྐུལ་སྤེལ་བྱས་ཤིང་། ཞབས་ཞུ་འགན་ལེན་ལ་ཤུགས་སྣོན་དང་ལྟ་སྐུལ་གཅུན་འདོམས་ཇེ་དྲག་ཏུ་བཏང་སྟེ་གཞུང་ཞབས་པས་འགན་འཁྲི་འཁུར་ཕོད་པ་དང་འབད་འབུངས་ཡར་བརྩོན་བྱ་རྒྱུར་སྐུལ་མ་གཏོང་དགོས། དོ་དམ་གྱི་ཕན་ནུས་ཆེ་རུ་བཏང་སྟེ་གཞུང་ལས་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱས་ནས་གཞུང་ཞབས་པའི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་དམ་འཛིན་བྱེད་པ་དང་། གཞུང་ཞབས་པའི་ལས་དོན་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་ཐར་འགག་སྒྲོལ་དམག་འཐབ་བརྒྱབ་སྟེ་མཚོ་སྔོན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།