རྐང་ཚ་རྫོང་གིས་རྣམ་གྲངས་གལ་ཆེན་གཅིག་རྗེས་གཉིས་མཐུད་དུ་ལས་འགོ་བསྐྱར་འཛུགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གཙང་པོའི་ཤར་ངོས་ཀྱི་ཀྲའོ་ཝ49.5ཡི་རླུང་གློག་རྣམ་གྲངས་དང་། མ་ཎི་གླིང་ཁའི་གཞུང་ལམ་ལེགས་སྐྲུན་བཟོ་གྲྭ། བཙོག་ཆུ་གཙང་བཟོའི་བཟོ་གྲྭ་སོགས་ཀྱི་རྣམ་གྲངས་གལ་ཆེན་གཅིག་རྗེས་གཉིས་མཐུད་དུ་ལས་འགོ་བསྐྱར་འཛུགས་བྱས་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ད་ལོར་རྐང་ཚ་རྫོང་གིས་ཁྱོན་བསྡོམས་པས་རྣམ་གྲངས74ལག་བསྟར་བྱ་རྒྱུའི་འཆར་གཞི་ཡོད་པ་དང་། སྤྱི་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར17.09བཏང་ཡོད་པ་དང་། ལོ་འདིའི་ནང་དུ་མ་དངུལ་སྒོར་དུང་ཕྱུར5.3གཏོང་རྒྱུའི་འཆར་གཞི་བཟོས་ཡོད། རྣམ་གྲངས་དེ་དག་བཟོ་ལས་དང་། ཞིང་ལས། གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད། ནགས་ལས། སྐྱེ་ཁམས། ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད། འགྲིམ་འགྲུལ། ཆུ་བེད། སྤྱི་ཚོགས་བྱ་གཞག འགན་སྲུང་རང་བཞིན་གྱི་སྡོད་ཁང་སོགས་ཁྱབ་ཁོངས་མང་པོར་ཁྱབ་ཡོད། མིག་སྔའི་བར་རྐང་ཚ་རྫོང་དུ་གཅིག་སྡུད་ལས་འགོ་བརྩམས་པའི་རྣམ་གྲངས་ཁྱོན་བསྡོམས་པས17ཡོད་ལ། རྣམ་གྲངས་སྣ་ཚོགས་ལས་འགོ་བསྐྱར་འཛུགས་བྱེད་ཚད55.4%ཟིན་པའི་ནང་མུ་མཐུད་དུ་འཛུགས་སྐྲུན་བྱེད་པའི་རྣམ་གྲངས33ལས་འགོ་བརྩམས་ཡོད་པ་དང་། ལས་འགོ་བརྩམས་ཚད92%ཟིན་ཡོད། གསར་དུ་བསྐྲུན་པའི་རྣམ་གྲངས8ལ་ལས་འགོ་བརྩམས་པ་དང་ལས་འགོ་བརྩམས་ཚད21%ཟིན་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།