རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་མཚོ་སྔོན་གྱི་འཐུས་མི་ཚོགས་པ་པེ་ཅིང་དུ་འབྱོར་བ།

1590021170241246.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5ཚེས20ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་མཚོ་སྔོན་གྱི་འཐུས་མི་ཚོགས་པ་པེ་ཅིང་དུ་བདེ་བླག་ངང་འབྱོར་བ་དང་འབྲེལ་ཚོགས་ཆེན་ལ་འབྱོར་ཐོ་བཀོད་པ་རེད།

ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུ་བའི་ལོ། དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་བཅས་ཡིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་སྐོང་ཚོགས་བྱས་ཏེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྐུལ་སློང་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། མི་བརྒྱ་སེམས་གཅིག་དང་། གསར་གཏོད་ཡར་བརྩོན། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱེད་པ། རིམས་བབ་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་རེད། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་གྱི་འཐུས་མི་ཚོགས་པའི་ཁྲོད། གྲངས་ཉུང་མི་རིགས་ཀྱི་འཐུས་མིས50%ཟིན་པས་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད། ཁོང་ཚོས་ཐོག་མཐའ་བར་གསུམ་དུ་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་བ། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་གང་ཐུབ་བྱེད་པ། ཏང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དང་། མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་ཅིང་གླེང་ཆ་ཆེ་བའི་གནད་དོན་དང་གལ་ཆེའི་གནད་དོན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གང་ལེགས་བྱས་ཡོད། གྲོས་གཞི་དང་གྲོས་འགོ་ནན་ཏན་ངང་བྲིས་ཏེ་ད་ཐེངས་པེ་ཅིང་དུ་ཚོགས་འདུར་ཞུགས་རྒྱུར་གྲ་སྒྲིག་ཞིབ་ཚགས་བྱས་ཡོད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཁུང་ཆིང་ཅུས་ཀྱིས་དགའ་སྤྲོ་ཆེན་པོས་བཤད་དོན། ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ནི་གློ་ཚད་རིམས་བབ་འགོག་སྡོམ་རྒྱུན་རྣམ་ཅན་དུ་གྱུར་པའི་དམིགས་བསལ་རྒྱབ་ལྗོངས་འོག་འཚོགས་པ་ཞིག་ཡིན་པས། དེའི་ནང་དུ་མང་ཚོགས་ཁྲི་མ་འབུམ་གྱི་རེ་སྒུག་སྦྲུམ་ཡོད་ལ། ང་ཚོའི་ཕྲག་ཏུ་ཡང་འགན་འཁྲི་གལ་ཆེན་བབས་ཡོད། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་སྤོབས་པ་ཆེར་བསྐྱེད་ཀྱིས་ཚད་མཐོན་པོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་དབང་ཆ་ནན་ཏན་གྱིས་སྤྱོད་པ་དང་། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ། གྲོས་རིམ་ཁག་ལ་གྲོས་ཞིབ་ཡག་པོ་བཅས་བྱེད་རྒྱུ་ཡིན་ཞེས་བཤད།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་མཱ་དབྱི་ཧྥུའུ་ཡིས་ད་ལོར་གྲོས་གཞི་གཉིས་ཁྱེར་ཡོང་ཡོད་པ་དང་། གཅིག་ནི་རྨ་ཆུའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་དར་སྤེལ་བཅས་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་གྲོས་གཞི་ཡིན་པ་དང་། གཅིག་ཤོས་ནི་རྨོ་བསྐྱུར་ནགས་འདེབས་ཀྱི་ཁ་གསབ་དུས་ཡུན་ཇེ་རིང་དུ་བཏང་སྟེ། རྨོ་བསྐྱུར་ནགས་འདེབས་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་གཞི་ཡིན། ཁོང་གིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་འགག་སྒྲོལ་དཀའ་སེལ་བྱས་ནས། རིམས་བབ་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་གཅིག་གྱུར་སྐུལ་འདེད་བཏང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་ཀྱི་སྟོབས་ཤུགས་གོང་བུར་བསྒྲིལ་ན། ང་ཚོ་དཀའ་ངལ་དང་ཉེན་ཁ་གང་རུང་ལས་རྣམ་པར་རྒྱལ་ཐུབ་ངེས་རེད་ཅེས་བསྟན། 

འཐུས་མི་ཚོས་བསྟན་དོན། བློ་རྩེ་གཅིག་སྒྲིམ་གྱིས་ཚོགས་འདུ་ཡག་པོ་འཚོག་པ་དང་། རིམས་བབ་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། དབུལ་ཐར་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ། “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ལག་བསྟར་བྱེད་པ། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ལ་སྐུལ་འདེད་གཏོང་བ། “དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན་བྱེད་པ། “དཔལ་འབྱོར་གྱི་རྣམ་པ་བཞི”འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཁྲོད་སྔར་ལས་ལྷག་པའི་སྒ་ོནས་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས། ། 

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།