མཚོ་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡིས་སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་རེས་སྐོར་བདུན་པའི་སྐོར་ཞིབ་ལས་དོན་དང་ཟུང་འབྲེལ་བྱས་ནས་སྐོར་ཞིབ་བྱ་ཡུལ་ལས་ཁུངས་དང་ས་ཁུལ་ལ་མི་འདེམས་མི་སྤྱོད་ཀྱི་ཆེད་དོན་ཞིབ་བཤེར་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡིས་སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་རེས་སྐོར་བདུན་པའི་སྐོར་ཞིབ་ལས་དོན་དང་ཟུང་འབྲེལ་བྱས་ཏེ། མི་འདེམས་མི་སྤྱོད་ཀྱི་ཆེད་དོན་ཞིབ་བཤེར་ལས་དོན་སྤེལ་རྒྱུ་བཀོད་སྒྲིག་བྱས་པ་དང་། ཟླ་བ་གཅིག་གི་དུས་ཚོད་སྤྱད་དེ་མཚོ་སྔོན་ཞིང་ཆེན་གྱི་ལས་ཁུངས་དང་ས་ཁུལ15ལ་མི་འདེམས་མི་སྤྱོད་ཀྱི་ཆེད་དོན་ཞིབ་བཤེར་བྱ་རྒྱུའི་འཆར་གཞི་བཀོད།

ཐེངས་འདིིའི་མི་འདེམས་མི་སྤྱོད་ཀྱི་ཆེད་དོན་ཞིབ་བཤེར་བྱ་ཡུལ་ལས་ཁུངས་དང་ས་ཁུལ་ནི་ཟི་ལིང་གྲོང་ཁྱེར་དང་། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དང་། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན། ཞིང་ཆེན་དམག་ཁོངས་ཕྱིར་འབུད་དམག་མིའི་ལས་དོན་ཐིན། ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིན། ཞིང་ཆེན་བསྡོམས་རྩིས་ཅུའུ། ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུའུ། ཞིང་ཆེན་མི་དམངས་མཁའ་ཟོན་གཞུང་དོན་ཁང་། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་བཅས་དང་། ཟི་ལིང་(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས། མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་བཅས་ཡིན།

ཞིབ་བཤེར་ཚོགས་པས《ལས་བྱེད་པ་གདམ་གསེས་བསྐོ་སྤྱོད་ལས་དོན་གྱི་ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་བདའ་འདེད་བྱ་ཐབས》དང་། 《ཞིབ་བཤེར་ལས་དོན་ཇུས་གཞི》གཞིར་བཟུང་། གཙོ་བོ་སྐོར་ཞིབ་བྱ་ཡུལ་ས་ཁུལ་དང་ལས་ཁུངས་ཀྱིས་རེས་སྐོར་གོང་མའི་སྐོར་ཞིབ་བྱས་ཚུན་གྱི་མི་འདེམས་མི་སྤྱོད་ཀྱི་ལས་ཀ་དང་ལས་བྱེད་པས་འགན་འཁུར་གནས་ཚུལ་ལ་ཞིབ་བཤེར་བྱེད་པ། ཞིབ་བཤེར་བྱ་ཡུལ་གཙོ་བོ་ནི་སྐོར་ཞིབ་བྱ་ཡུལ་ས་ཁུལ་དང་ལས་ཁུངས། དེ་བཞིན་རིམ་པ་གཅིག་གིས་དམའ་བའི་ཏང་རྩ་འཛུགས་དང་འགོ་ཁྲིད་ཚན་པའི་ཁོངས་མི་བཅས་ཡིན། ཞིབ་བཤེར་མཁན་གྱིས་སྙན་ཞུར་ཉན་པ་དང་། མི་རེར་བཅར་འདྲི་བྱེད་པ། ཡིག་ཆའི་ཡིག་ཚགས་དཔྱད་གཞི་ཀློག་བཤེར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། སྐོར་ཞིབ་བྱ་ཡུལ་ས་ཁུལ་དང་ལས་ཁུངས་ཀྱིས་《ལས་བྱེད་པ་བསྐོ་སྤྱོད་སྲོལ་ཡིག་》སློབ་སྦྱོང་དང་ལག་བསྟར། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས། ལས་བྱེད་པ་བཟང་པོའི་ཚད་གཞི་མཐའ་འཁྱོངས། མི་སྣ་བཀོལ་སྤྱོད་ཀྱི་ཁྲིད་ཕྱོགས་ཡང་དག་པ་འཛུགས་པ། ལས་བྱེད་པ་འདེམས་སྒྲུག་བསྐོ་སྤྱོད་ལས་ཀའི་སྲིད་ཇུས་དང་གཏན་འབེབས་ལག་བསྟར་བྱེད་པ་སོགས་ཕྱོགས8ཀྱི་གནས་ཚུལ་གཙོ་གནད་དུ་བཟུང་ནས་རྒྱུས་ལོན་བྱས་ཏེ། མི་འདེམས་མི་སྤྱོད་ཐད་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་དང་ཡོ་བསྲང་ནན་མོ་བྱ་དགོས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།