མཚོ་སྔོན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་ལོག་རང་མི་དང་དེའི་ཁྱིམ་མིའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》སམ་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་བྱ་ཐབས་ཁྲིམས་འཛིན་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་བཅའ་ཁྲིམས》དང་། 《མཚོ་སྔོན་ཞིང་ཆེན་གྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་བཅའ་ཁྲིམས〉ལག་བསྟར་བྱ་ཐབས》ཀྱི་གཏན་འབེབས་དང་མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི2020ལོའི་ལྟ་སྐུལ་ལས་དོན་གྱི་འཆར་གཞིའི་བཀོད་སྒྲིག་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས2020ལོའི་ཟླ6པ་ནས་ཟླ8པའི་བར། ཞིང་ཆེན་ཡོངས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་ལོག་རང་མི་དང་དེའི་ཁྱིམ་མིའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》སམ་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་བྱ་ཐབས(བསྡུས་མིང་ལ་བཅའ་ཁྲིམས་གཅིག་དང་བྱ་ཐབས་གཉིས)ལག་བསྟར་བྱ་ཚུལ་ལ་ཞིབ་བཤེར་བྱ་རྒྱུ་ཡིན། 

“བཅའ་ཁྲིམས་གཅིག་དང་བྱ་ཐབས་གཉིས”ལག་བསྟར་བྱས་ཚུལ་རྒྱ་ཁྱབ་ཏུ་ཤེས་རྟོགས་དང་། ཁྲིམས་བསྟར་ཞིབ་བཤེར་གྱི་དམིགས་གཏད་རང་བཞིན་དང་དངོས་ཕན་རང་བཞིན་ཇེ་ཆེར་གཏོང་ཆེད། ཁྲིམས་བསྟར་ཞིབ་བཤེར་བྱེད་རིང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་དང་། རྒྱ་ཆེ་བའི་མང་ཚོགས། རིམ་པ་སོ་སོའི་དམངས་ཆེན་འཐུས་མིས་འཕྲིན་ཡིག་དང་ཁ་པར་གྱི་ལམ་ནས་མཚོ་སྔོན་ཞིང་ཆེན་གྱིས“བཅའ་ཁྲིམས་གཅིག་དང་བྱ་ཐབས་གཉིས”ལག་ལེན་མཐར་ཕྱིན་བྱས་ཚུལ་དང་དེའི་གནད་དོན། ལེགས་བཅོས་བྱ་ཐབས་སོགས་ཀྱི་ཐད་ལ་བསམ་འཆར་དང་གྲོས་གཞི་འདོན་པར་དགའ་བསུ་ཞུ། 

特此公告。

青海省人大常委会办公厅

2020年5月19日

འབྲེལ་གཏུག་བྱེད་ས། ཧྲེན་ཡུས་ཁུན། 

འབྲེལ་གཏུག་ཁ་པར། 0971-8457059 

གློག་རྡུལ་ཡིག་སྒམ།  qhrdmqww@163.com

ས་གནས། ཟི་ལིང་གྲོང་ཁྱེར་ལྔ་གཅིག་ལམ་ཨང16པ། ཞིང་ཆེན་དམངས་ཆེན་ཕྱིར་སྡོད་རང་མི་དང་ཕྱི་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་། 

ཞེས་ཆེད་དུ་སྤྱི་བསྒྲགས་སྤེལ་བ་ཡིན། 

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གཞུང་ལས་ཐིན། 

2020ལོའི་ཟླ5པའི་ཚེས19ཉིན།  

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།