མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱང་སྐོར་ཐེངས་གཉིས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་གྲོས་གཞི་དག་ཐེར་ལེགས་བཅོས་བྱ་བའི་སྐུལ་སློང་བཀོད་སྒྲིག་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་བཅུ་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱང་སྐོར་ཐེངས་གཉིས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་གྲོས་གཞི་དག་ཐེར་ལེགས་བཅོས་བྱ་བའི་སྐུལ་སློང་བཀོད་སྒྲིག་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ནས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་དབྱང་གི་བཏོན་པའི་གནད་དོན་མཚོ་སྔོན་ཞིང་ཆེན་གྱི་དག་ཐེར་ལེགས་བཅོས་ཇུས་གཞི་ལ་དམིགས་ནས། དག་ཐེར་ལེགས་བཅོས་བྱ་བ་ལག་བསྟར་བྱེད་པར་དམ་འཛིན་བྱེད་དགོས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་གྲོས་གཞི་དག་ཐེར་ལེགས་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་གཏམ་བཤད། ཧྲིན་ཀྲང་། ཞིང་ཆེན་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་གྲོས་གཞི་དག་ཐེར་ལེགས་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིའུ་ཉིང་གིས་སྐུལ་སློང་བཀོད་སྒྲིག་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྲོས་ཚོགས་ལ་ཞུགས།

ཝང་ཅན་ཅུན་གྱིས་བསྟན་དོན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་དྲུག་པས་མཚོ་སྔོན་ཞིང་ཆེན་ལ་ལྟ་ཞིབ་གནས་ཚུལ་ཡར་ཞུ་བྱས་པ་དེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་བྱ་བའི་ཐད་ཧ་ཅང་མཐོང་ཆེན་དང་ཐུགས་ཁར་བྱེད་ཀྱིན་པ་མཚོན་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། གནད་དོན་དག་ཐེར་ལེགས་བཅོས་བྱེད་རྒྱུ་དེ་གོ་སྐབས་སུ་བརྩིས་ནས། སློབ་སྦྱོང་ནན་མོ་དང་ཡིད་ཆེས་བརྟན་པོ། རྒྱུས་ལོན་གསལ་བོ། བཀོལ་སྤྱོད་བཟང་བོ་བྱེད་པའི་རང་རྟོགས་ལ་བརྟེན་ནས་ཀླད་པར་དྲག་ཆས་སྤྲས་པ་དང་མི་དམངས་ལ་སློབ་གསོ་གཏོང་བ། བྱ་བར་མཛུབ་ཁྲིད་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་དར་ཆ་མཚོ་སྔོན་ནས་མཐོན་པོར་བསྒྲེང་བར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ཀྱི་མཐོ་ཚད་དུ་འགྲེང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལ་ངོས་འཛིན་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པའི་མཐོ་ཚད་དུ་འགྲེང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལ་ལྟ་སྟངས་འཛིན་པ། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། སྤུས་ཚད་མཐོན་པོས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་དག་ཐེར་ལེགས་བཅོས་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པ། དག་ཐེར་ལེགས་བཅོས་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཆབ་སྲིད་གླེང་བའི་ཚད་ལྡན་རྒྱུགས་ལན་སྤྲོད་དགོས། རིགས་མི་འདྲ་བའི་གནད་དོན་སྣ་ཚོགས་ཀྱི་འབྱུང་རྩར་ཞིབ་འཇུག་བྱེད་པ་དང་། འཕེལ་རྒྱས་ཀྱི་ཐོག་མའི་རེ་བསམ་དང་འཕེལ་རྒྱས་ཀྱི་འདུན་མ་དེ་རང་བྱུང་ཆོས་ཉིད་དང་དཔལ་འབྱོར་ཆོས་ཉིད། སྤྱི་ཚོགས་ཆོས་ཉིད་ལ་བརྩི་བཀུར་བྱེད་པ་དང་ཟུང་འབྲེལ་བྱེད་པ། བསམ་བློའི་འབྱུང་རྩ་ནས་བཅོས་བསྒྱུར་བྱེད་པ་དང་བསམ་གཞིགས་གཏོང་སྟངས་ནས་བསྒྱུར་བ། ཆབ་སྲིད་གྲུབ་འབྲས་ནས་བསྒྱུར་བ། སེམས་གཏིང་ནས་རང་བྱུང་དང་སྐྱེ་ཁམས། ཁོར་ཡུག་ཐད་ཀྱི་དགའ་ཞེན་མངོན་པར་བྱེད་པ། རང་བྱུང་ལ་བརྩི་འཇོག་དང་རང་བྱུང་དང་མཐུན་པར་བྱེད་པ། རང་བྱུང་ལ་སྲུང་སྐྱོབ་བྱས་ཏེ། མི་དང་རང་བྱུང་འཆམ་མཐུན་འཕེལ་རྒྱས་སུ་གཏོང་བའི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་གྲུབ་པར་སྐུལ་འདེད་གཏོང་དགོས། རྒྱུན་མཐུད་འཕེལ་རྒྱས་ཀྱི་ཡུན་རིང་ཇུས་གཞི་ལ་འཆར་འགོད་བྱེད་པ་དང་། ཆེས་གཟབ་ནན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལམ་ལུགས་ལག་བསྟར་བྱེད་པ། ཐོན་ཁུངས་ཕན་མཐོ་བེད་སྤྱོད་ཀྱི་ལམ་ལུགས་འཛུགས་པ། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་ལམ་ལུགས་འཛུགས་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་ལམ་ལུགས་གཟབ་ནན་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་བ་དང་འཚོ་བ་འབྱོར་ཕྱུག་ལྡན་པ། སྐྱེ་ཁམས་བཟང་བའི་དཔལ་ཡོན་འཕེལ་རྒྱས་ལམ་བུ་རུ་བསྐྱོད་དགོས། དག་ཐེར་ལེགས་བཅོས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་བཅོས་བསྒྱུར་བྱེད་པ། བཀོལ་སྤྱོད་བྱེད་པར་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་དང་གདེང་འཇོག་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་ཞུ་གཏུག་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཁ་གསབ་དང་སྐྱེ་ཁམས་ཁོར་ཡུག་གནོད་འཚེའི་ཁ་གསབ་ལམ་ལུགས་ལག་བསྟར་བྱེད་པ། སྐྱེ་ཁམས་ཁོར་ཡུག་གནོད་འཚེའི་ཚེ་གང་རྩད་གཅོད་ལམ་ལུགས་ལག་བསྟར་བྱེད་པ། ལམ་ལུགས་འཛུགས་སྐྲུན་ལ་བརྟེན་ནས་དག་ཐེར་ ལེགས་བཅོས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། དག་ཐེར་ལེགས་བཅོས་ཀྱི་གྲུབ་འབྲས་དེ་སྲུང་སྐྱོབ་རྩལ་ནུས་དང་འཕེལ་རྒྱས་ཀྱི་སྒུལ་ནུས། བཅོས་སྐྱོང་གི་ཕན་ནུས། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་རྩོལ་ནུས་སུ་བསྒྱུར་ནས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་དང་དཔེ་སྟོན་ཞིང་ཆེན་ལྔ་འཛུགས་སྐྲུན། དཔལ་འབྱོར་རྣམ་པ་བཞི་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་དགོས་ཟེར།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོས་དག་ཐེར་ལེགས་བཅོས་ཀྱི་འགན་འཁྲི་གཙོ་བོ་ཁྲག་ཏུ་ལེན་པ་དང་། རྩ་འཛུགས་དང་བཀོད་སྒྲིག་བཟང་བོ་བྱེད་པ་དང་བྱེད་ཐབས་གནད་ལ་འཁེལ་བ་སྤྱོད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དབུལ་ཐར་མཁྲེགས་གཏོར། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སོགས་བྱ་བར་གཅིག་གྱུར་འཆར་འགོད་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་གཏན་འགོག་བྱེད་པ། དུས་ཐོག་ཏུ་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོར་སྤྱི་སྡོམ་དང་ཁྱབ་གདལ་དུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས། འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས་ཟེར།

ལིའུ་ཉིང་གིས་གཏམ་བཤད་སྐབས་བསྟན་དོན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ནི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་འབུར་དུ་ཐོན་པའི་ཁོར་ཡུག་གནད་དོན་ཐག་གཅོད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་་ཞིག་དང་། མཚོ་སྔོན་ཞིང་ཆེན་གྱི་ཆབ་སྲིད་མྱོང་ཚོར་དང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐེངས་གཅིག་ཡིན། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་གནད་དོན་དག་ཐེར་ལེགས་བཅོས་བྱེད་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པའི་དགོས་ངེས་རེ་བ་དང་། ཆེས་ཆེ་བ་གསུམ་གྱི་རེ་བ་གལ་ཆེན་ལག་བསྟར་བྱེད་པའི་མངོན་སུམ་དགོས་མཁོ། ཀུན་ཕན་དམངས་ཚིས་བདེ་སྐྱིད་དང་འབྲེལ་བའི་ནད་དོན་གལ་ཆེན། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་འབྲེལ་བ་ཡོད་པའི་གནད་འགག་བྱེད་ཐབས་བཅས་ཡིན། ཆ་ས་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ལྟ་ཞིབ་ཀྱི་དག་ཐེར་ལེགས་བཅོས་བྱ་བའི་ཆབ་སྲིད་རང་བཞིན་དང་གཟབ་ནན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ། གནད་དོན་གྱི་སྲ་བརྟན་རང་བཞིན་དང་དག་ཐེར་ལེགས་བཅོས་ཀྱི་དཀའ་སྡུག་རང་བཞིན་ལ་ལྟ་སྟངས་བཟང་བོ་འཛིན་པ། ལྟ་ཞིབ་ཀྱི་དག་ཐེར་ལེགས་བཅོས་བྱ་བའི་རང་རྟོགས་རང་བཞིན་དང་སྒྲིག་ལམ་རང་བཞིན་ཇེ་དྲག་ཏུ་གཏོང་བ། སེམས་གཏིང་དང་གནད་དོན་གཙོ་བོ་ནས་བཅོས་བསྒྱུར་བྱེད་པ། ཕན་འབྲས་ལྡན་པའི་ཁ་གཏད་རང་བཞིན་གྱི་བྱེད་ཐབས་ཕྱིར་བཏོན་ནས། མཚོ་སྔོན་གྱི་ཆུ་དྭངས་རི་ལྗང་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་གྲོས་གཞི་དག་ཐེར་ལེགས་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིས་ཅེ་ཞང་གིས་གྲོས་ཚོགས་ལ་འགོ་མཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ། ཞིང་ཆེན་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་གྲོས་གཞི་དག་ཐེར་ལེགས་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཡུས་ཚོང་ལི་ཡིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་སྙན་ཞུ་ཁྱབ་བསྒྲགས་བྱས་པ་དང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་གྲོས་གཞི་དག་ཐེར་ལེགས་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིའུ་ཐོ་ཡིས་མཚོ་སྔོན་ཞིང་ཆེན་གྱི་དག་ཐེར་ལེགས་བཅོས་ཇུས་གཞི་གཏན་འབེབས་གནས་ཚུལ་ཐད་ནས་གསལ་བཤད་བྱས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་བཅས་ཚོགས་ར་གཙོ་བོ་ནས་གྲོས་ཚོགས་ལ་ཞུགས་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་སོ་སོ་རུ་ཡན་ལག་ཚོགས་ར་བཙུགས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།