མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་པ་དང་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ལམ་གནང་བའི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཤིང་དངོས་འབེབས་བྱེད་ཐབས་ལ་ཞིབ་འཇུག་བྱས་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆ་དང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པར་མ་ཟད། འབྲེལ་ཡོད་བྱ་བ་ཡར་ཞུ་བྱས་པར་ཉན་པ་དང་རང་ཞིང་གི་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཧྲན་ཞི་ལ་གཟིགས་ཞིབ་གནང་སྐབས་མཛུབ་སྟོན་གལ་ཆེན་གནང་བ་དེ་ཁྱོན་ཡོངས་འཐབ་ཇུས་ཀྱི་མཐོ་ཚད་ནས་རྒྱུན་རྣམ་ཅན་གྱི་རིམས་འགོག་དམ་འཛིན་བྱེད་པ་དང་ཏན་ཏན་ཏིག་ཏིག་སྒོས་བརྟན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ། ཁྱོན་ཡོངས་ནས་འགན་སྲུང་དྲུག་གི་ལས་འགན་དངོས་འབེབས་བྱེད་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། དབུལ་ཐར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་ཁ་ཕྱོགས་མཛུབ་ཁྲིད་དང་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས། རིམས་འགོག་ལྷོད་གཡེང་དུ་མི་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་གིས་ཐུགས་ཁུར་དང་ཡིད་འཇོག་བྱེད་པ་དང་རེ་བ་གང་ཞིག་བཏོན་ན། མཚོ་སྔོན་གྱིས་དེ་ལྟར་ནན་ཏན་སྒོས་བྱ་བ་བསྒྲུབ་པ་དང་། རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་གསལ་བོར་ཤེས་པར་བྱེད་དགོས་ལ། རང་ཞིང་གི་མདུན་དུ་ལྷགས་པའི་ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་འཇལ་བར་བརྡར་ཤ་གཅོད་པ་དང་། སྟོབས་ཤུགས་གཅིག་བསྡུས་སྒོས་ལག་བསྟར་དང་དངོས་འབེབས་བྱ་བ་དམ་འཛིན་བྱས་ཏེ། ནུས་ལྡན་ཕན་ཡོད་སྒོས་རྒྱུན་རྣམ་ཅན་གྱི་རིམས་འགོག་བྱེད་ཐབས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བརྟན་འཇགས་ཡོང་བ་འགན་སྲུང་བྱེད་དགོས། ད་ལྟ་སྒྲུབ་པའི་བྱ་བ་དཀྱིལ་སྙིང་དུ་བཟུང་སྟེ་མཉམ་ཤུགས་སྒོས་གོ་སྐབས་དམ་འཛིན་བྱེད་པ་དང་། ཐོན་ལས་འཁོར་སྐྱོད་ཤར་སྐྱོད་བྱེད་པ། ཚོང་ར་འཁོར་སྐྱོད་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཁོར་སྐྱོད་བྱས་ཏེ་བྱ་བ་སྣ་ཚོགས་དོན་ཐོག་ཏུ་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས་པར་མ་ཟད། བསམ་བློའི་སྤྱོད་ཚུལ་ལེགས་པོ་དང་བྱ་བའི་གྲུབ་འབྲས་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོགས་པར་བསུ་མ་བྱེད་པ་དང་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་བཟང་བོ་བྱེད་དགོས་ཟེར།

ཚོགས་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་དབང་ཁེ་ལས་ཀྱི་གཞི་རིམ་རྩ་འཛུགས་བྱ་བའི་ཚོད་ལྟའི་ལག་བསྟར་སྲོལ་ཡིག་ལག་བསྟར་དང་དངོས་འབེབས་བྱེད་པའི་སྐོར་གྱི་བྱེད་ཐབས་འགའ་དང་མཚོ་སྔོན་ཞིང་ཆེན་གསར་སྐྲུན་སྤྱི་ཚོགས་བཅོས་སྐྱོང་གི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་འདེམ་པའི་གཟེངས་བསྟོད་དོ་དམ་བྱེད་ཐབས་ལ་གྲོས་ཞིབ་བྱས་པ་དང་། དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།