མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཏང་ཨུའི“གསར་བ་གཉིས“བཟོ་ཚོགས་ཨུ་ཡོན་ལས་ཁུངས་དངགཏན་འཇགས་ཟུར་ཞུགས་ལས་ཁུངས་ཀྱི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་གཏན་འབེབ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཏང་ཨུའི“གསར་བ་གཉིས“ཀྱི་བཟོ་ཚོགས་ཨུ་ཡོན་ལས་ཁུངས་དང་གཏན་འཇགས་ཟུར་ཞུགས་ལས་ཁུངས་ཀྱི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་གཏན་འབེབ་བྱས་པ་དང་། ལམ་ལུགས་དེས་མཉམ་འཛིན་སྤྱི་སྒྲུབ་དང་གཞོགས་འདེགས་ནུས་ལྡན། སྤྱི་ཡོངས་སྐུལ་འདེད་བྱེད་པའི་ཞིང་ཆེན་ཡོངས་ཀྱི“གསར་བ་གཉིས“ཀྱི་རྩ་འཛུགས་ཀྱི་ཏང་གི་འཛུགས་སྐྲུན་རྣམ་པ་གསར་བ་ཆགས་པར་སྐུལ་འདེད་བཏང་ཡོད། མཉམ་འབྲེལ་ཚོགས་འདུས་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་འོག་བྱ་བ་སྒྲུབ་པ་ཡིན་ལ། དེའི་གྲུབ་ཆ་ནི་རྩ་འཛུགས་དང་དྲིལ་བསྒྲགས། འཐབ་ཕྱོགས་གཅིག་གྱུར་སོགས་ཨུ་ཡོན་ལས་ཁུངས17དང་བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་གཏན་འཇགས་ཀྱི་ཟུར་ཞུགས་ལས་ཁུངས6གིས་གྲུབ་པ་ཡིན། མཉམ་འབྲེལ་ཚོགས་འདུས་ཁོངས་མིའི་ལས་ཁུངས་ཀྱི་ལས་འགན་ལྟར། ལས་འགན་གསལ་ཐོ་བཟོ་བ་དང་། སོ་སོས་ལས་རིགས་དང“གསར་བ་གཉིས“ཀྱི་རྩ་འཛུགས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བའི་བྱེ་བྲག་གི་ལས་འགན་ཁུར་གསལ་བོར་བཟོས་ནས། ལས་ཁུངས་སོ་སོས་ལོ་རེར་ཆེས་ཉུང་ནའང་ཐེངས་གཅིག་ལ་ལས་རིགས་དེ་དང་མ་ལག་དེའི“གསར་བ་གཉིས“ཀྱི་རྩ་འཛུགས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བར་ཞིབ་འཇུག་ཐེངས་གཅིག་བྱེད་དགོས། དེ་དང་མཉམ་དུ། མཉམ་འབྲེལ་ཚོགས་འདུ་ཡིས་ཚོགས་འདུ་དང་བརྟག་བཤེར། དཔྱད་ཞིབ་ལམ་ལུགས་བཙུགས་ཡོད་པ་དང་། རྩ་དོན་ཐོག་ལོ་རེར་ཚང་འཛོམས་གྲོས་ཚོགས་ཐེངས་གཅིག་ནས་གཉིས་ལ་འཚོག་རྒྱུ་དང་། བྱ་བའི་དགོས་མཁོར་གཞིགས་ནས་ཆེད་དོན་ཚོགས་འདུ་འཚོགས་རྒྱུ་ཡིན་པ་གཏན་འབེབ་བྱས་ཡོད། ལས་ཁུངས་སོ་སོས་ལས་རིགས་འདི་དང་མ་ལག་འདིའི“གསར་བ་གཉིས“ཀྱི་རྩ་འཛུགས་ཀྱི་ཏང་གི་འཛུགས་སྐྲུན་བྱ་བའི་དཀའ་གནད་དང་གཙོ་གནད་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པར་ཤུགས་སྣོན་དགོས་པ་དང་། བྱ་བའི་དགོས་མཁོར་བསྟུན་ནས་སྡེ་ཚན་མང་པོས་མཉམ་དུ་ཞིབ་བཤེར་བྱེད་རྒྱུ་དང་། ཨུ་ཡོན་ལས་ཁུངས་དང་གཏན་འཇགས་ཟུར་ཞུགས་ལས་ཁུངས་ཀྱི་ལས་བགོས་འགན་གཉེར་འགོ་ཁྲིད་དང་ལས་རིགས་ཏང་ཨུའི་ཧྲུའུ་ཅི་ཡིས་མཉམ་འབྲེལ་ཚོགས་འདུར་འགན་སྒྲུབ་སྙན་ཞུ་འབུལ་དགོས་པ་དང་། དཔྱད་ཞིབ་མཇུག་འབྲས་དེ་འགོ་ཁྲིད་ཁོངས་མིའི་ལོ་འཁོར་དམིགས་འབེན་གྱི་ཞིབ་བཤེར་དང་བརྟག་དཔྱད་ངོས་འཛིན་གྱི་གཞི་འཛིན་ས་གཙོ་བོར་འཛིན་དགོས། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།