དབྱང་ཀྲི་ཝུན་གྱིས་བྱིས་གཉོར་ཁང་དང་སློབ་ཕྱིའི་གསོ་སྦྱོང་སྒྲིག་འཛུགས་ཀྱི་རིམས་འགོག་བྱ་བ་དང་སློབ་འགོ་བསྐྱར་ཚུགས་གནས་ཚུལ་ལ་བརྟག་དཔྱད་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་བྱིས་གཉོར་ཁང་དང་སློབ་ཕྱིའི་གསོ་སྦྱོང་སྒྲིག་འཛུགས་ཀྱི་རིམས་འགོག་བྱ་བ་དང་སློབ་འགོ་བསྐྱར་ཚུགས་གནས་ཚུལ་ལ་བརྟག་དཔྱད་གནང་སྐབས་ནན་གྱིས་བསྟན་དོན། རིམས་འགོག་བྱ་བར་གཟབ་གཟབ་ནན་ནན་དང་ཞིབ་ཅིང་ཕྲ་བ། ཏན་ཏན་ཏིག་ཏིག་སྒོས་བསྒྲུབ་པ་དང་། སློབ་འགོ་བདེ་འཇགས་ངང་འཚོག་རྒྱུར་འགན་ལེན་བྱེད་དགོས།

དབྱང་ཀྲི་ཝུན་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་མཁར་དབུས་ཁུལ་ལུང་ཡོན་བྱིས་གཉོར་ཁང་དང་ཟི་ལིང་ཕྱི་སྐད་སློབ་གྲྭ། ཟི་ལིང་གྲོང་ཁྱེར་བྱིས་གཉོར་ཁང་དང་པོ་བཅས་སུ་སོང་ནས། བྱིས་གཉོར་ཁང་དང་སློབ་ཕྱིའི་གསོ་སྦྱོང་ལས་ཁུངས་ཀྱི་རིམས་འགོག་ཇུས་གཞིའི་མཆན་བཀོད་དང་། ཁོར་ཡུག་གཙང་སྦྲ་དང་དུག་སེལ། ཟ་ཁང་དང་སློབ་ཁང་གི་བདེ་འཇགས་དོ་དམ། རིམས་འགོག་དངོས་ཟོག་གསོག་ཉར་སོགས་སློབ་འགོ་ཚུགས་པར་གྲ་སྒྲིག་བྱས་པའི་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་གནང་བ་རེད། 

དབྱང་ཀྲི་ཝུན་གྱིས་བསྟན་དོན། བྱིས་གཉོར་ཁང་ནི་ཚོགས་སྤྱི་ཁྱད་པར་བ་ཞིག་སྟེ། སྤྱི་ཚོགས་ཀྱི་དོ་ཁུར་བྱེད་ཚད་མཐོ་བ་དང་། བྱིས་གཉོར་ཁང་སྒོ་འབྱེད་པར་དཀའ་ངལ་ལྡན་ལ་འགན་ཁུར་ཧ་ཅང་ཆེ། ས་གནས་སོ་སོའི་སྡེ་ཚན་གྱིས་བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་བཏང་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་སྲིད་གཞུང་གིས་རིམས་འགོག་གི་བླང་བྱའི་སྟེང་བསམ་བློ་གཅིག་གྱུར་བྱས་ཏེ། རྒྱ་ཡན་གྱི་བསམ་བློ་དང་སྟེས་དབང་གི་བསམ་ཚུལ་འདོར་དགོས། རིམས་འགོག་འགན་འཁྲི་ནན་ཏན་དུ་བཏང་ནས། “རྫོང་གཅིག་ལ་ཇུས་གཅིག“དང“སློབ་ར་གཅིག་ལ་སྒྲིག་ལམ་གཅིག“རྒྱུན་འཁྱོངས་བྱེད་པ་དང་། ས་ཁོངས་དང་སྡེ་ཚན། བྱིས་གཉོར་ཁང་། དགེ་རྒན་དང་ཁྱིམ་བདག་བཅས་ཀྱི”འགན་འཁྲི་ལྔ”མུ་མཐུད་དུ་དོན་འཁྱོལ་བྱེད་པ་དང་། “ཁ་ཕྱོགས་པ་གསུམ“དང“གཞོགས་འདེགས་གསུམ“སྒྲུབ་ཏེ་བྱིས་གཉོར་ཁང་གཉེར་བའི་གྲ་སྒྲིག་ལས་དོན་ཡག་པོར་སྒྲུབ་དགོས། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།