མཚོ་སྔོན་ཞིང་ཆེན་གྱི་རྫོང་དང་ཁྲུའུ་རིམ་པའི་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སྐབས14པ་སློབ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས12ཉིན་མཚོ་སྔོན་ཞིང་ཆེན་གྱི་སྐབས14པའི་རྫོང་དང་ཁྲུའུ་རིམ་པའི་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་ནས་སློབ་འགོ་ཚུགས་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ།  ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ནས་ཐོན་པའི་ལོ45མན་གྱི་རྫོང་དང་ཁྲུའུ་རིམ་པའི་མི་རིགས་ལས་བྱེད་པ40ལྷན་གཅིག་ཏུ་བསྡུས་ཏེ་དུས་ཡུན་ཉིན15ཡི་གསོ་སྦྱོང་བྱེད་རྒྱུ་རེད། 

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུས་གཙོ་སྒྲུབ་བྱས་པ་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་སྒྲུབ་འགན་འཁུར་བ་དང་། ད་ལོའི་རང་ཞིང་གི་ལས་བྱེད་པའི་གསོ་སྦྱོང་བྱེད་པའི་གཙོ་གནད་འཛིན་གྲྭ་ཡིན།  2007ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་རྫོང་དང་ཁྲུའུ་རིམ་པའི་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སྒྲུབ་འགོ་ཚུགས་པ་དང་མིག་སྔའི་བར་སྐབས14ལ་བསྟུད་མར་སྒྲུབ་ཡོད། རང་ཞིང་གི་རྫོང་དང་ཁྲུའུ་རིམ་པའི་མི་རིགས་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱེད་པ་དང་། “ཁ་འབྲལ་ཐབས་མེད་པའི་བསམ་བློ་གསུམ”དང“ངོས་འཛིན་གཅིག་མཐུན་བཞི”དང“སྲུང་སྐྱོང་ལྔའི”འདུ་ཤེས་བརྟན་པོ་བཟུང་ནས། མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་ཆུ་ཚད་དང་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་བཅས་ལ་དམིགས་ནས་སློབ་ཁྲིད་བྱ་རྒྱུ་རེད། 

མཚམས་སྦྱོར་བྱས་པ་ལྟར་ན།  གསོ་སྦྱོང་ཐད་སློབ་ཁང་དུ་སློབ་ཁྲིད་བྱེད་པ་དང་ཡུལ་དངོས་སུ་སློབ་ཁྲིད་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ་སློབ་ཁྲིད་རྣམ་པ་དང་། ཡུལ་དངོས་ཀྱི་སློབ་ཁྲིད། གྱོད་དཔེ་སློབ་ཁྲིད་སོགས་སློབ་ཁྲིད་བྱེད་སྟངས་སྣ་ཚོགས་སྤྱོད་རྒྱུ་མ་ཟད། རང་སྦྱོང་དང་། ཟུར་ཁྲིད། ཞིབ་བསྡུར། བརྗེ་རེས་སོགས་རྣམ་པ་བརྒྱུད། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། ཏང་གཤིས་སློབ་གསོ། འཐབ་ཇུས་དང་ཐག་གཅོད་གལ་ཆེན། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ། ལས་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བ་སོགས་ཚན་པ་ལྔ་རུ་བགོས་ནས་སློབ་ཁྲིད་བྱེད་རྒྱུ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན། ཏང་གི་མི་རིགས་སྲིད་ཇུས། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས། མི་རིགས་ས་ཁུལ་གྱིས་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་མཚོ་སྔོན་གྱི་ལག་ལེན་སོགས་ཀྱི་ནང་དོན་གཙོ་གནད་དུ་བཟུང་ནས་གསོ་སྦྱོང་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།