མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཟླ་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་ནས“གཞི་རིམ་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་ནས་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བར”དམིགས་ནས་གྲོས་མོལ་སྲིད་གླེང་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཟླ་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། “ཞིང་ཆེན་གྱི་གཞི་རིམ་དགེ་རྒན་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་ནས་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བར”དམིགས་ནས་གྲོས་མོལ་སྲིད་གླེང་བྱས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཤིང་གསུང་བཤད་གནང་། ཧྲིན་ཀྲང་གཞོན་པ་ལིག་ཐའོ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་ཚོགས་འདུར་ཞུགས། 

རྡོ་རྗེ་རབ་བརྟན་གྱིས་བསྟན་དོན། དགེ་རྒན་ནི་སློབ་གསོའི་རྩ་བ་དང་སློབ་གསོའི་འབྱུང་ཁུངས་ཡིན། སྤུས་ཚད་མཐོ་བའི་སློབ་གསོ་མྱངས་རྒྱུ་ནི་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཇེ་མཐོར་འགྲོ་བཞིན་པའི་དམངས་འཚོའི་དགོས་མཁོ་རེད། ཞིང་ཆེན་སྲིད་གྲོས་ཀྱིས་གཙོ་གནད་བརྟག་དཔྱད་ཞིབ་འཇུག་དང་གྲོས་མོལ་གྱི་གྲོས་གཞི་འདི་བདམས་དོན་ནི་སྲིད་གྲོས་ཀྱི་དགེ་མཚན་འདོན་སྤེལ་གྱིས་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོའི་ལས་དོན་འཕེལ་རྒྱས་ཀྱི་གཞི་རྩའི་རང་བཞིན་དང་། རྨང་གཞིའི་རང་བཞིན་། ཡུན་རིང་རང་བཞིན་གྱི་གནད་དོན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་གྲོས་མོལ་གང་ལེགས་བྱས་ཏེ། སློབ་གསོ་དམིགས་བསལ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་བཏང་ནས་མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ལེགས་པོར་སྒྲུབ་པར་སྒུལ་ཤུགས་སྣོན་རྒྱུ་དེ་ཡིན།  

ལིག་ཐའོ་ཡིས་ཨུ་ཡོན་གྱི་གཏམ་བཤད་ལ་གསན་རྗེས། མཚོ་སྔོན་ཞིང་ཆེན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་གནས་ཚུལ་ཁྱོན་ཡོངས་ནས་ངོ་སྤྲོད་བྱས་པ་དང་། ཨུ་ཡོན་གྱི་བསམ་འཆར་དང་གྲོས་གཞིར་ལན་བསྐྱོན་པ་མ་ཟད་རྗེས་ཕྱོགས་ཀྱི་ལས་དོན་ཐད་བླང་བྱ་ཡང་བཏོན། ཁོང་གིས་ནན་གྱིས་བསྟན་དོན། སྒྲིག་ཁོངས་བཀོད་སྒྲིག་སྔར་བས་ཇེ་ལེགས་སུ་གཏོང་བ་དང་། དགེ་རྒན་གྱི་དོ་དམ་ཇེ་ལེགས་སུ་གཏོང་བ། འགན་ལེན་བྱ་ཐབས་དོན་འཁྱོལ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

ཨུ་ཡོན6གིས་ངག་ཐོག་གཏམ་བཤད་གནང་བ་དང་། འབྲེལ་ཡོད་སྡེ་ཁག་དང་ཨུ་ཡོན་གྱིས་ཡིག་ཐོག་གཏམ་བཤད15སྤྲད་ཡོད། ཨུ་ཡོན་ཚོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སློབ་གསོའི་ལས་དོན་ལ་མཐོང་ཆེན་བྱས་ནས་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་། དགེ་རྒན་གྱི་བྱང་ཚད་ཇེ་མཐོར་གཏོང་བ། སློབ་ཁྲིད་ཀྱི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་དུས་སྐབས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད། བརྟག་ཞིབ་ཁྲོད་རྙེད་པའི་ལྷུ་ཚིགས་ཞན་སར་དམིགས་ཏེ། ཨུ་ཡོན་ལིག་ཆིང་གིས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་སྒྲིག་ཁོངས་ཁེར་བཀར་གྱིས་དོ་དམ་ལམ་སྲོལ་བཙུགས་ནས་སྒྲིག་ཁོངས་སྟབས་བསྟུན་སྙོམས་སྒྲིག་ལམ་སྲོལ་ལག་ལེན་བསྟར་ཏེ་དགེ་རྒན་གྱི་གྲུབ་ཆ་ཇེ་ལེགས་སུ་གཏོང་དགོས་པའི་གྲོས་གཞི་བཏོན་པ་དང་། ཨུ་ཡོན་ཅའོ་ཧོན་ཡུས་ཀྱིས་དགེ་རྒན་བསྡུ་བའི་ཡིག་རྒྱུགས་ཁྲོད་ཆེད་ལས་ཤེས་བྱའི་སྐར་གྲངས་དང་ཚད་ཐང་མཐོ་རུ་བཏང་ནས་ཆེད་ལས་ཀྱི་དགོས་མཁོ་ལྟར་དགེ་རྒན་བསྡུ་དགོས་པའི་བསམ་འཆར་བཏོན། ལིས་ཅུའུ་རེན་གྱིས་ས་ཁོངས་དོ་དམ་རྩ་དོན་ལྟར་གསོ་སྦྱོང་གི་འཆར་གཞི་བཟོས་ཏེ་རིམ་པ་ལྟར“དགོས་མཁོ་ལྟར་གསོ་སྦྱོང་བྱེད་པའི”གྲོས་གཞི་བཏོན། ཨུ་ཡོན་ཀྲང་ཧུང་གིས་ལས་འབྲས་གླ་ཕོགས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དགེ་རྒན་གྱི་བདེ་ཐང་ལ་དོ་ཁུར་བྱས་ནས་ཕོགས་ཐོབ་ཀྱིས་འཇོན་མི་འགུག་པའི་གྲོས་འགོ་བསམ་འཆར་བཏོན། རྒྱུན་ཨུ་ཝང་ཅན་མིང་གིས་སློབ་སྔོན་སློབ་གསོ་དང་ཞག་སྡོད་ལམ་ལུགས་སློབ་གྲྭའི་མཁོ་སྒྲུབ་ལས་གནས་ཀྱི་ཉོ་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་གྲྭའི་མཁོ་སྒྲུབ་དོ་དམ་དཔུང་ཁག་བརྟན་པོ་ཡོང་བ་བྱེད་དགོས་པའི་གྲོས་གཞི་བཏོན། ཨུ་ཡོན་ཚེ་རིང་བདེ་སྐྱིད་ཀྱིས་གོ་མིང་ཕྱིར་འཐེན་གྱི་ལམ་སྲོལ་ལག་ལེན་བསྟར་ནས་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་འཐབ་ཕྱོགས་དང་པོའི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་གོ་མིང་དཔྱད་བསྡུར་ལ་ཁ་ཕྱོགས་ཚད་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན། ། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།