མཚོ་སྔོན་ཞིང་ཆེན་གྱི2020ལོའི་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་ལས་བཟོ་བ་འོས་སྦྱོར་འོས་མིའི་མིང་ཐོ་ཡོངས་བསྒྲགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས2020ལོའི་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་ལས་བཟོ་བའི་དཔྱད་འདེམས་གཟེངས་བསྟོད་བྱ་རྒྱུ་གཏན་འབེབས་བྱས། 《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་གཞུང་སྒྲུབ་ཐིན་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས2020ལོའི་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་ལས་བཟོ་བ་འོས་སྦྱོར་དཔྱད་འདེམས་གྱི་ལས་དོན་བཟང་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ》(མཚོ་སྔོན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི〔2020〕ཡིག་ཨང15པའི)དགོངས་དོན་གཞིར་བཟུང་། རང་ཞིང་གི་ས་ཁུལ་ཁག་དང་། སྡེ་ཚན་ཁག ལས་ཁུངས་ཁག་བཅས་ཀྱིས་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་ལས་བཟོ་བ་འོས་སྦྱོར་འོས་མིའི་ལས་དོན་ནན་ཏན་ངང་སྤེལ་བ་རེད། ཞིང་ཆེན་འོས་སྦྱོར་དཔྱད་འདེམས་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུའི་སྟེང་གྲོས་ཞིབ་བྱས་པ་དང་འབྲེལ་རྒྱལ་ཡོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་ལ་ཐོག་མའི་ཞིབ་བཤེར་བྱ་རྒྱུར་ཕུལ་ནས། ད་ལྟ་མཚོ་སྔོན་ཞིང་ཆེན་གྱི2020ལོའི་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་ལས་བཟོ་བ35ཡི་འོས་སྦྱོར་འོས་མིའི་མིང་ཐོ་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་དང་། ཡོངས་བསྒྲགས་དུས་ཚོད་ནི་ཟླ5པའི་ཚེས12ནས18ཉིན་བར་ཡིན། གལ་ཏེ་བསམ་འཆར་མི་མཐུན་པ་ཡོད་ཚེ་ཟླ5པའི་ཚེས18ཉིན་གྱི་ཆུ་ཚོད18པའི་སྔོན་ལ་ཁ་པར་དང་བརྙན་སྐྱེལ་སོགས་ཀྱི་རྣམ་པ་བརྒྱུད་ནས་ཞིང་ཆེན་འོས་སྦྱོར་དཔྱད་འདེམས་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་དང་འབྲེལ་གཏུག་བྱ་དགོས། ཁ་པར། 0971-82368468236845(བརྙན་སྐྱེལ།)

མཚོ་སྔོན་ཞིང་ཆེན་གྱི2020ལོའི་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་ཅན་དང་སྔོན་ཐོན་ལས་བཟོ་བ་འོས་སྦྱོར་དཔྱད་འདེམས་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་།
    2020ལོའི་ཟླ5པའི་ཚེས12ཉིན།

མཚོ་སྔོན་ཞིང་ཆེན་གྱི2020ལོའི་རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་ཅན་དང་སྔོན་ཐོན་ལས་བཟོ་བ་འོས་སྦྱོར་འོས་མིའི་མིང་ཐོ།

གཅིག མཚོ་སྔོན་ཞིང་ཆེན་གྱི2020ལོའི་རྒྱལ་ཡོངས་ངལ་རྩོལ་དཔེ་ལེགས་འོས་མིའི་མིང་ཐོ།

ཙོང་པིན། ཕོ། རྒྱ་རིགས། 1982ལོའི་ཟླ5པར་སྐྱེས། མང་ཚོགས། སློབ་གཉེར་བརྒྱུད་རིམ་དངོས་གཞི། ཨེ་ཤེ་ཡའི་སྭེལ་ལས་(མཚོ་སྔོན)མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་བཟོ་བཀོད་པ། 2018ལོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་“མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་ཨང་དང་པོ་”དང་། 2018ལོར་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུའུ་ཡི་སྐབས་ཉི་ཤུ་པའི་ཀྲུང་གོའི་ཆེད་ཁེའི་ཕུལ་བྱུང་བྱ་དགའ་བཅས་ཐོབ།

མཱ་ཝུན་ཅོན། ཕོ། རྒྱ་རིགས། 1984ལོའི་ཟླ་དང་པོར་སྐྱེས། དགུ་གསུམ་སློབ་ཚོགས་ཀྱི་ཚོགས་མི་དང་། སློབ་གཉེར་བརྒྱུད་རིམ་དངོས་གཞི། ཨ་རུ་བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་ཐོན་རྫས་ཞིབ་འཇུག་པ། 2019ལོའི་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན་བཅས་རེད།

ལིས་ཅིན། མོ། རྒྱ་རིགས། 1987ལོའི་ཟླ10པར་སྐྱེས། དགུ་གསུམ་སློབ་ཚོགས་ཀྱི་ཚོགས་མི་དང་། སློབ་གཉེར་བརྒྱུད་རིམ་རབ་འབྱམས་པ། མཚོ་ཤར་མིན་ཧི་ཞའོ་ཁང་རྒན་གསོ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན། 2019ལོའི་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན་དང་། 2016ལོའི་རྒྱལ་ཡོངས་རྒན་བཀུར་རྒན་རོགས་ཀྱི་དཔེ་ལེགས་མི་སྣ། 2019ལོའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་གྱི་མིང་འདོན་བྱ་དགའ་ཐོབ་མཁན་བཅས་རེད།

མེང་ཆིན་ཧྥུན། མོ། རྒྱ་རིགས། 1980ལོའི་ཟླ12པར་སྐྱེས། མི་དམངས་སྡོད་ཁང་འཛུགས་སྐྲུན་ཚོགས་པའི་ཚོགས་མི་དང་། འབུམ་རམས་པ། མཚོ་སྔོན་ཚྭ་འདམ་གཞོང་ཧྭ་ལིས་ཚྭ་ཚད་ཡོད་ཀུང་སིའི་ཞིབ་འཇུག་གསར་སྤེལ་པུའུ་ཡི་ཀྲུའུ་རེན། ཞིབ་འཇུག་པ། 2019ལོའི་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན་བཅས་རེད།

ཀྲུའུ་ཞའོ་ཏུང་། ཕོ། རྒྱ་རིགས། 1975ལོའི་ཟླ6པར་སྐྱེས། མང་ཚོགས། སློབ་གཉེར་བརྒྱུད་རིམ་ཆེད་སྦྱོང་མན། མཚོ་ནུབ་ཧྭ་ཧུའེ་རྫས་འགྱུར་བཟོ་ལས་འཕྲུལ་ཆས་ཚད་ཡོད་ཀུང་སིའི་ངར་ལྕགས་གྲུབ་ཆའི་འཁོར་ཁང་གྱེས་རྡུལ་མཉམ་པའི་གཅོད་འབྲེག་འཛིན་གྲྭའི་ཚོགས་གཙོ། 2019ལོའི་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན་བཅས་རེད།

ལིག་ཝན་ཕིང་། ཕོ། རྒྱ་རིགས། 1979ལོའི་ཟླ5པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་དངོས་གཞི། མཚོ་སྔོན་ཚྭ་མཚེའུ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི་ཞིབ་འཇུག་གསར་སྤེལ་ལྟེ་གནས་ཞིབ་འཇུག་ཁང་གི་ཀྲུའུ་རེན། མཐོ་རིམ་བཟོ་བཀོད་པ་དང་། 2019ལོའི་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན། 2012ལོར་མཚོ་སྔོན་ཞིང་ཆེན་གྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་ཨང་དང་པོ་བཅས་ཐོབ།

 ཏུང་ཝུན། ཕོ། རྒྱ་རིགས། 1967ལོའི་ཟླ2པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་གཉེར་བརྒྱུད་རིམ་འབྲིང་རིམ། ཀྲུང་གོ་ཧ་ཡང་ལས་རིགས་མ་རྐང་ཚད་ཡོད་ཀུང་སི་མཚོ་སྔོན་ཡན་ལག་ཀུང་སི་སྲིབས་སྣེ་བྱ་གཞག་པུའུ་སོལ་རྒྱུ་བཟོ་བཀོད་པ་དང་། 2019ལོའི་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན་རེད།

ཡོའེ་ཧུང་། མོ། བོད་རིགས། 1993ལོའི་ཟླ5པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་དངོས་གཞི། ཀྲུང་གོ་ཞིང་ལས་དངུལ་ཁང་རྨ་ཆེན་རྫོང་ཡན་ལག་དངུལ་ཁང་གི་ཧང་ཀྲང་གཞོན་པ། འདུ་འགོད་པའི་ལག་རོགས་པ། 2019ལོའི་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན་བཅས་རེད།

དབྱང་ཡུང་ལེས། ཕོ། རྒྱ་རིགས། 1975ལོའི་ཟླ5པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་གཉེར་བརྒྱུད་རིམ་ཆེད་སྦྱོང་། ཀྲུང་གོ་རྡོ་སྣུམ་མཚོ་སྔོན་སྣུམ་ཞིང་ཡན་ལག་ཀུང་སི་ན་གོར་མོ་རྡོ་སྣུམ་བཙོ་སྦྱང་བཟོ་གྲྭའི་གློག་ཤུགས་ཚ་ལ་མཁན། མཐོ་རིམ་ལག་རྩལ་པ། 2016ལོའི་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་དང་། 2016ལོའི་མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཆེད་མཁས་པ་བཅས་རེད།

ཡུས་པིན་ཧྥན། ཕོ། རྒྱ་རིགས། 1982ལོའི་ཟླ10པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་གཉེར་བརྒྱུད་རིམ་ཆེད་སྦྱོང་མན། ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སི་ན་གོར་མོ་བཟོ་ལས་ས་ཁུལ་ཝང་ཁུན་ལམ་ཐིག་འཁོར་ཁང་གི་ཀྲུའུ་རེན་གཞོན་པ། ལག་རྩལ་པ། 2013ལོའི་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་དཔེ་ལེགས་ཅན་གྱི་གཟེངས་རྟགས་ཐོབ་མཁན་བཅས་རེད།

ཝང་ལིན། མོ། རྒྱ་རིགས། 1988ལོའི་ཟླ9པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་དངོས་གཞི། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་མཚོ་ནུབ་གློག་འདོན་ཀུང་སི་གློག་འདོན་ཞབས་ཞུའི་བཀོད་འདོམས་ལྟེ་གནས་བཅས་ཀྱི་ཆེད་བསྐོས་འགན་འཁུར་པ། བཟོ་བཀོད་པ། 2018ལོའི་རྒྱལ་ཡོངས་ན་གཞོན་ལས་གནས་འཇོན་ཐང་ཅན་དང་། 2019ལོའི་ཀྲུང་དབྱང་ཁེ་ལས་ངལ་རྩོལ་དཔེ་ལེགས་ཅན་བཅས་རེད།

ལུའུ་པེའོ། ཕོ། རྒྱ་རིགས། 1977ལོའི་ཟླ2པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་དངོས་གཞི། རྨ་ཆུའི་གློག་ཤུགས་ཞིབ་བཤེར་བཟོ་བཅོས་ལས་གྲྭ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་གཞོན་པ། བཟོ་བཀོད་པ། 2019ལོའི་ཀྲུང་དབྱང་ཁེ་ལས་ངལ་རྩོལ་དཔེ་ལེགས་ཅན་བཅས་རེད།

ཝང་ཧྲུའུ་ཏུང་། ཕོ། རྒྱ་རིགས། 1981ལོའི་ཟླ11པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་གཉེར་བརྒྱུད་རིམ་དངོས་གཞི། ཀྲུང་གོ་སྤོ་འགུལ་འཕྲིན་གཏོང་སྡེ་ཚོགས་མཚོ་སྔོན་ཚད་ཡོད་ཀུང་སིའི་ལས་སྒོའི་འདེགས་སྐྱོར་མ་ལག་པུའུ་ལས་སྒོ་གསར་སྤེལ་ཁང་གི་སྤྱི་གཉེར་བ། 2019ལོའི་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན་བཅས་རེད།

ཨན་ཅོན། ཕོ། རྒྱ་རིགས། 1965ལོའི་ཟླ5པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་ཆེད་སྦྱོང་། མཚོ་སྔོན་ཞིང་ཆེན་ལྕགས་རིགས་སྤེལ་རྒྱུག་ཁྱིམ་སྤྱོད་གློག་ཆས་ཚད་ཡོད་འགན་འཁྲི་ཀུང་སིའི་ལས་སྒོའི་སྤྱི་གཉེར་བ། 2019ལོའི་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན་བཅས་རེད།

སུང་ལིན་ལིན། མོ། རྒྱ་རིགས། 1983ལོའི་ཟླ5པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་དངོས་གཞི། ཀྲུང་གོ་རྡོ་སྣུམ་མཚོ་སྔོན་ཕྱིར་ཚོང་ཀུང་སིའི་སྤུས་བཤེར་ས་ཚུགས་ཀྱི་ཀྲན་ཀྲང་། སྣུམ་རྫས་དབྱེ་ཞིབ་མཐོ་རིམ་ལག་རྩལ་པ། 2019ལོའི་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན་བཅས་རེད།

ཝང་ཡུས་ཧུའེ། ཕོ། རྒྱ་རིགས། 1961ལོའི་ཟླ4པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་དངོས་གཞི། མཚོ་སྔོན་ཞིང་ཆེན་དངོས་ཟོག་ཐོན་རྫས་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་། དགེ་རྒན་ཆེན་མོ་རིམ་པའི་བཟོ་བཀོད་པ། 2019ལོར་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གྱི་གཟེངས་རྟགས་དང་། 1999ལོའི་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན། མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་བྱ་བའི་སྔོན་ཐོན་མི་སྒེར། མཚོ་སྔོན་ཞིང་ཆེན་གྱི་སྐབས་བརྒྱད་པའི་ཕུལ་བྱུང་ཁེ་ལས་མཁས་ཅན་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ།

ཧྲའོ་ཡུང་། ཕོ། རྒྱ་རིགས། 1969ལོའི་ཟླ4པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་གཉེར་བརྒྱུད་རིམ་ཆེད་སྦྱོང་། མཚོ་སྔོན་ཨ་ཆེན་གངས་རྒྱབ་ཁེ་ལས་གསར་སྤེལ་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་། 2015ལོའི་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་ཁུལ་གྱི་སྔོན་ཐོན་མི་སྒེར་བཅས་རེད།

བཀྲ་པོ། ཕོ། ཧུའེ་རིགས། 1969ལོའི་ཟླ2པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་གཉེར་བརྒྱུད་རིམ་ཆེད་སྦྱོང་མན། མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་ཐང་སྐོར་གྲོང་རྡལ་སྟག་ལུང་གྲོང་ཚོའི་འཕྲོད་བསྟེན་ཁང་གི་གྲོང་ཚོའི་སྨན་པ་དང་། 2018ལོའི་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ལྔ་བཟང་ཁྱིམ་ཚང་ཡིན།

བན་ཏེ་རྒྱ་མཚོ། ཕོ། ཧོར་རིགས། 1983ལོའི་ཟླ7པར་སྐྱེས། ཀྲུང་གུང་གྲ་སྒྲིག་ཏང་ཡོན། སློབ་ཆེན་དངོས་གཞི། རྨ་ལྷོ་ཁུལ་ཐུན་རིན་རྫོང་རེབ་གོང་ཀླུ་སྒྲུབ་རི་མོ་གླིང་གི་རི་མོ་བ་དང་། མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རིམ་པ་གཉིས་པའི་བཟོ་རྩལ་པ། འབྲིང་རིམ་ལག་རྩལ་པ། 2019ལོའི་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན་བཅས་རེད།

བཀྲ་རྒྱལ། ཕོ། བོད་རིགས། 1976ལོའི་ཟླ6པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་གཉེར་བརྒྱུད་རིམ་དམའ་འབྲིང་། ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་ཙང་ཏིས་འབྲོག་ལས་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་པ་དང་། ཆུ་དམར་ལེབ་རྫོང་གཡོ་དགེ་གྲོང་རྡལ་དགེ་ཆེན་ཡུལ་ཚོའི་སྒྲིག་ཨུའི་ཨུ་ཡོན། 2019ལོའི་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན་བཅས་རེད།

ཚེ་བྷོ། ཕོ། བོད་རིགས། 1971ལོའི་ཟླ10པར་སྐྱེས། ཀྲུང་གུང་ཏང་ཡོན། ཆེད་སྦྱོང་མན་གྱི་སློབ་གཉེར་བརྒྱུད་རིམ། མཚོ་བྱང་ཁུལ་རྐང་ཚ་རྫོང་ཁྱོན་རྒྱས་ཤང་ཉིང་ཞ་སྐྱེ་ཁམས་འབྲོག་ལས་ཆེད་ལས་མཉམ་ལས་ཁང་གི་ཐོན་སྐྱེད་སྤྱི་གཉེར་བ་དང་། ཉིང་ཞ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི། 2019ལོའི་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན་བཅས་རེད།

སྟོབས་ལྡན། ཕོ། བོད་རིགས། 1952ལོའི་ཟླ4པར་སྐྱེས། ཀྲུང་གུང་ཏང་ཡོན།  སློབ་གཉེར་བརྒྱུད་རིམ་ཆེད་སྦྱོང་མན། མགོ་ལོག་ཁུལ་རྨ་ཆེན་རྫོང་རྟ་བོ་ཤང་དགེ་སྟོད་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་དང་། 2019ལོའི་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན་བཅས་རེད།

ཡུས་ཆོན་ཀྲུའུ། ཕོ། རྒྱ་རིགས། 1973ལོའི་ཟླ9པར་སྐྱེས། མང་ཚོགས། སློབ་གཉེར་བརྒྱུད་རིམ་ཆེད་སྦྱོང་མན། ཉི་འོད་ནུས་རྒྱུ(མཚོ་སྔོན)ཚད་ཡོད་ཀུང་སིའི་ཞིག་གསོ་ལས་རིམ་ཚན་པའི་འགོ་བ་དང་། འབྲིང་རིམ་ལག་རྩལ་པ། 2019ལོའི་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན་བཅས་རེད།

ཧན་མུའུ་ཧའེ་མེན། ཕོ། ཟ་ལར་རིགས། 1972ལོའི་ཟླ8པར་སྐྱེས། མང་ཚོགས། སློབ་གཉེར་བརྒྱུད་རིམ་ཆེད་སྦྱོམ་མན། འཐེན་ཐུག་ཚོང་གཉེར་མཁན་དང་། ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་ཧོང་ཕུའུ་ཆུས་མི་རིགས་མཐུན་སྒྲིལ་ཡར་ཐོན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀོང་ཀྲོའུ་གྲོང་ཁྱེར་མི་རིགས་ཆོས་ལུགས་ལས་དོན་ཅུའུ་ཡི་རྐང་འཛིན་འབྲེལ་གཏུག་པ། ཀོང་ཀྲོའུ་གྲོང་ཁྱེར་ཧོང་ཕུའུ་ཆུས་ཀྱི“མི་རིགས་ཚང་མ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་འོས་འགན་ལས་སྒྲུབ་རུ་ཁག་གི་དྲུང་ཡིག་ཆེན་མོ། 2019ལོའི་མཚོ་སྔོན་ཞིང་ཆེན་གྱི་ངལ་རྩོལ་དཔེ་ལེགས་ཅན་བཅས་རེད།

གཉིས། མཚོ་སྔོན་ཞིང་ཆེན་གྱི2020ལོའི་རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་བཟོ་བའ་འོས་མིའི་མིང་ཐོ།

ཅིན་ཧྥང་། མོ། རྒྱ་རིགས། 1979ལོའི་ཟླ11པར་སྐྱེས། ཀྲུང་གུང་ཏང་ཡོན། ཆེད་སྦྱོང་། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཧུའུ་ཐའེ་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ཚན་ཁག་སྣ་འཛོམས་ཀྱི་ནད་གཡོག་པ། 2017ལོའི་རྒྱལ་ཡོངས་འཕྲོད་བསྟེན་འཆར་ལྡན་བུ་བཙའི་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་བཟོ་བ་བཅས་རེད།

ལིས་ཧྲིན་རོང་། ཕོ། ཧུའེ་རིགས། 1954ལོའི་ཟླ5པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་དངོས་གཞི། མཚོ་སྔོན་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་གི་གླིང་གཙོ། དགེ་རྒན་ཆེན་མོ་གཞོན་པ། 2019ལོའི་མཚོ་སྔོན་ཞིང་ཆེན་གྱི་སྔོན་ཐོན་ལས་བཟོ་བ་བཅས་རེད།

ཧྥང་ཝན་ཕིན། ཕོ། རྒྱ་རིགས། 1971ལོའི་ཟླ་དང་པོར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་གཉེར་བརྒྱུད་རིམ་ཆེད་སྦྱོང་མན། མཚོ་སྔོན་ཞིང་ཆེན་ཧོང་ཡོན་གཞུང་ལམ་དུམ་མཚམས་ཀྱི་ཧོང་ཡོན་བཟོ་ལས་ཆུས་ཀྱི་ཆུས་ཀྲང་། མཐོ་རིམ་བཟོ་པ། 2019ལོའི་མཚོ་སྔོན་ཞིང་ཆེན་གྱི་སྔོན་ཐོན་ལས་བཟོ་བ་བཅས་རེད།

ཏང་ཞའོ་ཕིན། ཕོ། རྒྱ་རིགས། 1973ལོའི་ཟླ5པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་དངོས་གཞི། མཚོ་སྔོན་ཞིང་ཆེན་ནགས་ལས་རྩྭ་ཐང་འཆར་འགོད་ཁང་གི་ཀྲུའུ་རེན་དང་། མཐོ་རིམ་ལག་རྩལ་པ། 2017ལོའི་རྒྱལ་ཡོངས་བྱེ་འགོག་བྱེ་བཅོས་སྔོན་ཐོན་མི་སྒེར་བཅས་རེད།

ཞུས་ཀྲེན་ལིན། ཕོ། རྒྱ་རིགས། 1965ལོའི་ཟླ10པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་དངོས་གཞི། མཚོ་སྔོན་ཞིང་ཆེན་ཞིང་འབྲོག་འཕྲུལ་ཆས་ཁྱབ་གདལ་ས་ཚིགས་ཀྱི་ཁྱབ་གདལ་ཚན་ཁག་གི་ཚན་གཙོ། ཁྱབ་གདལ་ཞིབ་འཇུག་པ། 2019ལོའི་མཚོ་སྔོན་ཞིང་ཆེན་གྱི་སྔོན་ཐོན་ལས་བཟོ་བ། 2019ལོའི་རྒྱལ་ཡོངས་ཞིང་ལས་དང་གྲོང་གསེབ་ཁོངས་གཏོགས་ཀྱི་སྔོན་ཐོན་མི་སྒེར་བཅས་རེད།

དབྱང་ཀྲིན་ཕིན། ཕོ། རྒྱ་རིགས། 1962ལོའི་ཟླ2པར་སྐྱེས། མང་ཚོགས། སློབ་ཆེན་དངོས་གཞི། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ནད་ལྕི་གསོ་རིག་ཚན་ཁག་གི་ཀྲུའུ་རེན། སྨན་པ་དཀའ་བཅུ་པ། 2019ལོར་མཚོ་སྔོན་ཞིང་ཆེན་གྱི་སྔོན་ཐོན་ལས་བཟོ་བ། 2010ལོའི་མཚོ་སྔོན་ཞིང་ཆེན་གྱི་ཡོམ་འགོག་རྒུད་སྐྱོབ་སྔོན་ཐོན་མི་སྒེར་བཅས་རེད།

ཧི་ཧྲིན་ཀྲིན། ཕོ། བོད་རིགས། 1965ལོའི་ཟླ6པར་སྐྱེས། ཏང་ཁག་གང་ལའང་མི་གཏོགས། སློབ་ཆེན་དངོས་གཞི། མཚོ་སྔོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ། རབ་འབྱམས་པའི་སློབ་མའི་མཛུབ་སྟོན་དགེ་རྒན། 2017ལོར་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་བཅས་ཐོབ།

ཀྲའོ་ཤིན་ལུའུ། ཕོ། རྒྱ་རིགས། 1975ལོའི་ཟླ4པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་དངོས་གཞི། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་འབྲི་ཆུའི་ཆུ་འགོའི་གླིང་ཁུལ་དོ་དམ་ཨུ་ལྷན་ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚུགས་ཀྱི་ཀྲན་ཀྲང་། 2015ལོའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་མིང་འདོན་བྱ་དགའ་དང་། 2016ལོའི་རྒྱལ་ཡོངས་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྔོན་ཐོན་མི་སྒེར། 2018ལོར་ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་དུ་རེ་ཞུ་བྱེད་པའི་སྔོན་ཐོན་མི་སྒེར་བཅས་དང་། 2018ལོར་མཚོ་སྔོན་ཞིང་ཆེན་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་བྱ་དགའ་བཅས་ཐོབ་པ་རེད།

ལི་ཧའེ་ཡན། མོ། རྒྱ་རིགས། 1975ལོའི་ཟླ9པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་དངོས་གཞི། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་ཟི་ལིང་གྲོང་ཁྱེར་ཁྲལ་དོན་ཅུའུ་ཁྲལ་དོན་ཡན་ལག་ཅུའུ་གཉིས་པའི་ཅུའུ་ཀྲང་གཞོན་པ། 2019ལོའི་མཚོ་སྔོན་ཞིང་ཆེན་གྱི་སྔོན་ཐོན་ལས་བཟོ་བ་བཅས་རེད།

ལིག་ཁང་ཉིན། ཕོ། རྒྱ་རིགས། 1964ལོའི་ཟླ་དང་པོར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་དངོས་གཞི། མཚོ་སྔོན་ཨར་ལས་ལས་རིགས་ལག་རྩལ་སློབ་གླིང་ཏང་ཨུའི་ཧྲུའུ་ཅི་དང་དགེ་རྒན་ཆེན་མོ་གཞོན་པ། 2017ལོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི“རྒྱལ་ཡོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་བཟོ་བ”བཅས་རེད།

ཆོས་དབྱིངས་སྐྱིད། མོ། བོད་རིགས། 1990ལོའི་ཟླ11པར་སྐྱེས། ཀྲུང་གུང་ཏང་ཡོན། སློབ་ཆེན་དངོས་གཞི། མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་འདུར་རྒྱུག་འགྲན་བསྡུར་ལུས་རྩལ་པ་དང་ལས་རོགས་རྩལ་ཁྲིད་པའི་འགན་གཅིག་ལྕོགས་སུ་འཁུར་ཡོད། 2016ལོར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་“རྒྱལ་ཡོངས་ལུས་རྩལ་བྱ་གཞག་གི་གཟེངས་སུ་ཐོན་པའི་ལེགས་སྐྱེས་བྱ་དགའ”ཐོབ་པ་དང་། ལོ་དེར་ད་དུང་“ཡིད་འགུག་མཚོ་སྔོན”མི་སྣའི་བྱ་དགའ་ཐོབ། 2019ལོར་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་གྱི་མིང་འདོན་བྱ་དགའ་ཐོབ་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།