ཁྲི་འདུ་ཡིས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་ཁོར་ཡུག་བཅོས་སྒྲིག་གི་འགྲོས་ཚད་ཇེ་མགྱོགས་སུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཛེས་སྡུག་ལྡན་ལ་འཚོ་སྡོད་སྐྱིད་པའི་གྲོང་གསེབ་ཀྱི་ཁོར་ཡུག་སྐྲུན་ཆེད། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་མུ་མཐུད་གཏིང་ཟབ་ཏུ་བཏང་ཞིང་། ཀྲི་པུའུ་ཡིས་སྣེ་ཁྲིད་དང་། ཏང་ཡོན་གྱིས“རོགས་སྐྱོར”། མང་ཚོགས་ཀྱིས“རྗེས་འདེད”བཅས་བྱས་པ་བརྒྱུད“གཙང་བཤེར་གསུམ་དང་བཅོས་བསྒྱུར་གཅིག ཟང་ཟིང་དྲུག་བཅོས་པ”བཅས་གཙོ་གནད་དུ་བྱས་པའི་ཁོར་ཡུག་བཅོས་སྒྲིག་ལས་དོན་ཁྱོན་ཡོངས་ནས་སྤེལ་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་གི་འགྲོས་ཚད་ཇེ་མགྱོགས་སུ་བཏང་། བྱ་བའི་ཁྲོད། ཁྲི་འདུ་རྫོང་གིས་དྲ་མིག་ཅན་གྱི་དོ་དམ་བརྒྱུད་ཤང་གྲོང7གྱི་དྲ་རྒྱ་ཆེན་མོ་དང་། སྲིད་འཛིན་གྲོང་ཚོ57སྡེ་ཁུལ13གྱི་དྲ་རྒྱ་འབྲིང་བར་དབྱེ་བ་དང་། གྲོང་ཚོའི་ཚོ་ཆུང252ཀྱི་དྲ་རྒྱ་ཆུང་བ་བཅས་རིམ་པ་གསུམ་གྱི་དོ་དམ་ལམ་སྲོལ་བཙུགས་པ་དང་། དྲ་རྒྱ་རེ་རེར་ཁྲིད་སྟོན་པ་དང་དྲ་མིག་དཔོན། ལྟ་རྟོག་པ། དྲ་མིག་འགན་འཁུར་བ་བསྐོས་ནས་འཕྲེད་དུ་མཐར་ཐོན་ཞིང་། གཞུང་དུ་གཏིང་དཔག་པའི་འགན་འཁྲིའི་མ་ལག་བཙུགས་ཏེ། རིམ་པ་བཞིན་འགན་ཁུར་ནན་འཁུར་དང་གོ་རིམ་ལྟར་ལས་བགོས་དབྱེ་འབྱེད་བྱས་ཡོད།  རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དུས་ངེས་མེད་དུ་ཁོངས་གཏོགས་ཁུལ་གྱི་གད་སྙིགས་གཅིག་སྡུད་ཐོག་གཙང་སེལ་བྱེད་པ་དང་། གནས་སྐབས་གད་སྙིགས་བསྡུ་རུབ་བྱ་ཡུལ27བསྐྲུན་ནས་ཏང་ཡོན་གྱིས་སྣེ་ཁྲིད་ཅིང་མང་ཚོགས་ཀྱིས་འགྲན་ཏེ་སྔོན་ཐོན་དང་ཕུལ་བྱུང་བརྩོན་ལེན་བྱེད་པའིི་རྣམ་པ་ཞིག་ཆགས་ཡོད། “ངར་ཤུགས་ཆེར་བསྐྱེད་དང་དབུལ་ཐར་གཏན་འཇགས། འབྱོར་འབྲིང་བསུ་བ”བཅས་ཀྱི་ལས་བྱེད་པ་བརྒྱ་ཕྲག་གཤམ་སྐྱོད་བྱས་ནས་སྒྲོག་འགྲེལ་བྱེད་སྒོ་སྤེལ་བར་བརྟེན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་སྲིད་ཇུས་སྒྲོག་འགྲེལ་དང་། སློབ་སྟོན་པ་བཟང་བོ་བྱས་ཏེ་སྣེ་ཁྲིད་སྒོས་གྲོང་ཚོ་དང་ཚོ་ཆུང་གི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ནང་ཞུགས་ཡོད། དུས་མཚུངས་སུ། “ཏང་ཡོན་དཔེ་སྟོན་སྣེ་ཁྲིད་དང་མང་ཚོགས་ཀྱི་གཙོ་གཞིས་སྐུལ་འདེད། སྟོབས་ཤུགས་གཅིག་སྡུད་ཀྱིས་བཅོས་སྒྲིག རྒྱུན་གཏན་གྱི་ཕུགས་ཕན་སྲ་གཏོང”བཅས་ཀྱི་ལས་ཀའི་བསམ་ཕྱོགས་ལ་གཞིགས་ནས། ཞིང་འབྲོག་མང་ཚོགས་ཀྱི་གཙོ་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དུས་གཏན་ཁེལ་སྒོས་ཞིང་འབྲོག་མང་ཚོགས་རྩ་འཛུགས་བྱས་ནས་ཁོར་ཡུག་འཕྲོད་བསྟེན་གྱི་གཅིག་སྡུད་བཅོས་སྒྲིག་བྱེད་སྒོར་ཞུགས་ནས་མི་ཚང་མ་ཐེ་ཞུགས་བྱེད་པའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་ཡོད། གྲོང་མིའི་རང་སྐྱོང་དང་གྲོང་མིའི་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་དང་མང་ཚོགས་ཀྱི་རང་སྐྱོང་བྱེད་རྒྱུ་ཁྱབ་སྤེལ་བྱས་ཏེ། མང་ཚོགས་ཀྱིས་མང་ཚོགས་ལ་ལྟ་སྐུལ་དང་མང་ཚོགས་ཀྱིས་མང་ཚོགས་ལ་སྐུལ་སློང་བྱས་པ་བརྒྱུད་མང་ཚོགས་ཀྱི“བདག་པོ”འི་འདུ་ཤེས་བསྐྱེད་ནས་ཁོར་ཡུག་བཅོས་སྐྱོང་གི་འདུས་ཤུགས་གཅིག་སྒྲིལ་བྱས་ཡོད།   །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།