མཚོ་སྔོན་ཞིང་ཆེན་གྱིས་ལས་བྱེད་པའི་ཡིག་ཚགས་ལམ་ལུགས7བཏོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་རྩ་འཛུགས་པུའུ་ཡིས་ལས་བྱེད་པའི་མི་དོན་ཡིག་ཚགས《ཡིག་ཆ་བསྡུ་སྒྲིག་ལམ་ལུགས》དང་《འཚོལ(གཡར)ཞིབ་ལམ་ལུགས》།《གསང་རྒྱའི་ལམ་ལུགས》།《བརྒྱུད་སྤྲོད་ལམ་ལུགས》།《ཉར་ཚགས་ལམ་ལུགས》།《ལས་གནས་བྱ་བའི་འོས་འགན》།《ལས་བྱེད་མི་སྣའི་བརྩི་སྲུང་བྱེད་དགོས་པའི་རྩ་གནད》བཅས་ལམ་ལུགས་བདུན་གཏན་འབེབ་པར་འགྲེམ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པའི་མི་དོན་ཡིག་ཚགས་ལམ་ལུགས་སྔར་བས་འཐུས་ཚང་ཅན་དང་ཚད་ལྡན་ཅན། ཞིབ་ཚགས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ་རེད།

ལས་བྱེད་པའི་མི་དོན་ཡིག་ཚགས་ནི་སློབ་སྦྱོང་དང་གསོ་སྦྱོང་། གོ་གནས་བསྐོ་འཐེན། ལས་བྱེད་པར་ལྟ་སྐུལ་དང་དོ་དམ། མི་སྣ་འཇོན་ཐང་ཅན་ངོས་འཛིན་བྱེད་པའི་རྨང་གཞི་གལ་ཆེན་ཞིག་ཡིན་པ་དང་། ལས་བྱེད་པ་འཇོན་ནུས་ཅན་གྱི་ཁེ་དབང་སྲུང་སྐྱོབ་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན་ལ། སྤྱི་ཚོགས་ཀྱི་ཡིད་སྟོན་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་དང་། ཏང་གི་ཁྲིམས་འཛིན་ཐོན་ཁུངས་གལ་ཆེན་ཞིག་ཀྱང་ཡིན། ཞིང་ཆེན་རྩ་འཛུགས་པུའུ་ཡིས་བཏོན་པའི་ལས་བྱེད་པའི་མི་དོན་ཡིག་ཚགས་ལམ་ལུགས7པོ་དེ“འཛུགས་པ་དང་དོ་དམ། བཀོལ་སྤྱོད”སོགས་ཀྱི་གལ་ཆེ་བའི་ལྷུ་ཚིགས་སུ་ཁྱབ་ཡོད་པ་དང་། ཡིག་ཚགས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་། ཉིན་རེའི་ཡིག་ཚགས་ཀྱི་དོ་དམ་ལ་ཤུགས་སྣོན་པ་གཙོ་གནད་དུ་བཟུང་བ་དང་། ལས་བྱེད་པའི་མི་དོན་ཡིག་ཚགས་ཀྱི་རྒྱུ་ཆ་བསྡུ་སྒྲིག་དང་འཚོལ(གཡར)བ་དང་གསང་རྒྱ། བརྒྱུད་སྤྲོད། ཉར་ཚགས་སོགས་ཀྱི་ཐད་ལ། བྱ་བའི་རྩ་དོན་གསལ་འདོན་དང་བྱ་བའི་ཚད་གཞི་ཚགས་དམ་པ་དང་། བྱ་བའི་སྒྲིག་ལམ་ནན་མོ། བྱ་བའི་སྒྲིག་རིམ་ཡང་དག་པ་བཅས་བྱས་ཡོད། དེ་དང་མཉམ་དུ། ལས་བྱེད་པའི་མི་དོན་ཡིག་ཚགས་ཀྱི་བྱ་བའི་འགན་འཁྲི་དང་བྱ་བའི་བརྩི་སྲུང་རྩ་གནད་གསལ་འདོན་བྱས་ཡོད་པ་དང་། ལས་བྱེད་པའི་མི་དོན་ཡིག་ཚགས་ཀྱི་བྱ་བའི་དཔུང་སྡེ་ལ་ལམ་ལུགས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།