མཚོ་སྔོན་ཞིང་ཆེན་གྱིས་སྐབས་དང་པོའི་དབྱར་རྩྭ་དགུན་འབུ་ཚོང་འདུས་དུས་ཆེན་འཚོགས་པ།

1.jpg

བྱ་འགུལ་ཡུལ་དངོས།

2.jpg

ཁེ་ལས་དང་ཚོང་བ་བར་གན་རྒྱ་འཇོག་པ།

3.jpg

ཕྱོགས་གཉིས་ཀས་ཚོང་བཤད་བཞིན་པའི་ཚུལ།

4.jpg

ཕྱོགས་གཉིས་ཀས་ཚོང་བཤད་བཞིན་པའི་ཚུལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི་དབྱར་རྩྭ་དགུན་འབུ་དུས་ཆེན་ཟླ5བའི་ཚེས9ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་འགོ་ཚུགས་པ་དང་། ཡུལ་དངོས་སུ་གན་རྒྱ་བཞག་པའི་མ་དངུལ་སྒོར་དུང་ཕྱུར9ལྷག་ཙམ་ཟིན་པ་རེད།

 ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་ནི་འཛམ་གླིང་གི་དབྱར་རྩྭ་དགུན་འབུའི་ཐོན་ཁུལ་གཙོ་བོ་ཡིན་པས་ཐོན་ཚད་འཛམ་གླིང་ཧྲིལ་པོའི98%ཟིན་པ་དང་། མཚོ་སྔོན་ཞིང་ཆེན་ནི་རྒྱལ་ཡོངས་ཀྱི་དབྱར་རྩྭ་དགུན་འབུ་བསྡུ་འགྲེམས་རྟེན་གཞི་གཙོ་བོ་ཞིག་ཡིན་པ་མ་ཟད་ཐོན་ཁུལ་གཙོ་བོའི་གྲས་ཤིག་ཀྱང་ཡིན་ལ། དེའི་ཐོན་ཚད་ཀྱིས་རྒྱལ་ཡོངས་ཀྱི60%ཡན་དང་ལོ་རེའི་སྤྱི་ཚོགས་ཀྱི་ཉོ་ཚོང་བྱེད་ཚད་ཏུན180ཙམ་ཟིན་ཡོད།

 ཐེངས་འདིའི་བྱ་འགུལ་ཚེས9ནས18བར་སྤེལ་རྒྱུ་ཡིན་པ་དང་། བྱ་འགུལ་གྱིས“རྒྱལ་ཁབ་སྤྱི་གླིང་། མཛེས་སྡུག་ལྡན་པའི་མཚོ་སྔོན། བདེ་ཐང་གི་ཀྲུང་གོ དབྱར་རྩྭ་དགུན་འབུ”ཞེས་པ་བརྗོད་དོན་གཙོ་བོར་བཟུང་ནས“སྲིད་གཞུང་གིས་རྒྱབ་སྐྱོར་དང་། མཐུན་ཚོགས་ཀྱིས་སྒྲིག་འཛུགས། དྲ་གྲགས་ཀྱིས་དྲ་ཐོག་ནས་ཚོང་བཙོང་བ”སོགས་ཀྱི་རྩ་འཛུགས་རྣམ་པ་བརྒྱུད་དེ་མཉམ་ལས་དང་སྤེལ་རེས་ཀྱི་ལས་སྟེགས་བསྐྲུན་པ་དང་། མཉམ་འབྲེལ་བརྗེ་རེས་ཐད་ཤུགས་སྣོན་རྒྱག་པ། གཉིས་ཕན་གཉིས་རྒྱལ་མངོན་འགྱུར་ཡོང་བ་དང་། ཡང་གློག་རྡུལ་ཚོང་དོན་ལས་སྟེགས་དང་སྨྱན་སྦྱོར་གསར་བའི་གཉེར་ཚོང་བྱེད་ཐབས་ལ་བརྟེན་ནས་དྲ་ཐོག་དང་དྲ་འོག་ཏུ་མཉམ་འགུལ་ཁྱབ་གདལ་གཏོང་བ་དང་། ཁྲོམ་རའི་ཐོབ་སྐལ་མང་དུ་གཏོང་བ། ཐོན་ལས་དབུལ་སྐྱོར་གྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དབྱར་རྩྭ་དགུན་འབུའི་དྲ་སྦྲེལ་ཁྲོམ་རར་སྐུལ་འདེད་གཏོང་བ་བཅས་བྱས་པ་རེད།

 དྲ་ཐོག་གི་བྱ་འགུལ་ཁྲོད། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་དང་། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་དབྱར་རྩྭ་དགུན་འབུ་མཐུན་ཚོགས་བཅས་ཀྱིས་ཞིང་ཆེན་ཕྱི་ནང་གི་ཁེ་ལས400ལྷག་ཙམ་སྒྲིག་འཛུགས་བྱས་ནས་དྲ་གྲགས་རྒྱང་སྒྲོག་པས་དྲ་ཐོག་ནས་ཐའོ་པའོ་དང་། ཐེན་མའོ། ཅིན་ཏུང་། མགྱོགས་འཕྲིན་སོགས་དྲ་སྦྲེལ་ཐད་གཏོང་དང་། ལས་སྟེགས་ཆེ་གྲས་ཁག་གི་དྲ་གྲགས་ཀྱིས་ཚོང་ཟོག་བཙོང་བའི་བྱེད་སྟངས་བརྒྱུད་དབྱར་རྩྭ་དགུན་འབུ་བྲིན་ཚོང་བྱས་ཏེ“མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུ”ས་ཁོངས་ཀྱི་སྤུས་རྟགས་སྐད་གྲགས་ཆོད་ཚད་མཐོ་རུ་བཏང་སྟེ། མཚོ་སྔོན་གྱི་དབྱར་རྩྭ་དགུན་འབུ་དང་དབྱར་རྩྭ་དགུན་འབུ་རྒྱལ་ཁབ་ཕྱི་ནང་གི་འཛད་སྤྱོད་ཁྲོམ་ར་གཏོད་རྒྱུར་སྐུལ་འདེད་བཏང་བ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།