སྤྲིན་ཚོམས་ཐོག་གི2020ལོའི་ཀྲུང་གོའི་སྤུས་རྟགས་ཉིན་མོའི་བྱེད་སྒོ་སྤེལ་འགོ་ཚུགས་པ་དང་སྤྲིན་ཚོམས་ཐོག་གི་མཚོ་སྔོན་འགྲེམས་ཁང་དུས་གཅིག་ཏུ་སྒོ་ཕྱེ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས10ཉིན་སྤྲིན་ཚོམས་ཐོག་གི2020ལོའི་ཀྲུང་གོའི་སྤུས་རྟགས་ཉིན་མོའི་བྱེད་སྒོ་འགོ་ཚུགས་ཤིང་། བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་ཐད་གཏོང་བྱས་པ་དང་། རང་རྒྱལ་གྱི་སྤུས་རྟགས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱས་ཏེ། འཛད་སྤྱོད་པ་དྲ་ཐོག་ནས་མཉམ་འགུལ་ཉམས་ལེན་ནང་ཞུགས་སུ་བཅུག་ནས་ཕྱིར་སྐྱོད་མི་དགོས་པར་རང་རྒྱལ་གྱི་ཚོང་ཟོག་སྤུས་དག་གི་ཡིད་དབང་འཕྲོག་ཤུགས་ཚོར་ཐུབ་པ་བྱས་ཡོད། དེའི་ཉིན་སྤྲིན་ཚོམས་ཐོག་གི་མཚོ་སྔོན་འགྲེམས་ཁང་དུས་གཅིག་ཏུ་སྒོ་ཕྱེས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་མཚོ་སྔོན་ཡན་ལག་ཚོགས་རའི་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

2020ལོའི་ཀྲུང་གོའི་སྤུས་རྟགས་ཉིན་མོར“ཀྲུང་གོའི་སྤུས་རྟགས་འཛམ་གླིང་གིས་མཉམ་སྤྱོད་ཐུབ་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་བསྐྲུན་ཏེ་རྒྱུ་སྤུས་ལྡན་པའི་འཚོ་བ་སྐྱེལ་བ། གོ་ལའི‘རིམས་ནད’དམག་འཐབ་ལ་སྤུས་རྟགས་ཀྱི་སྟོབས་ཤུགས་སྤྱོད་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་གཙོ་གཉེར་ཕྱོགས་ཀྱིས་དྲ་སྦྲེལ་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ཏེ་རྩ་གསུམ་རྟོག་བཟོའི་དོན་དངོས་སོགས་ཀྱི་ལག་རྩལ་སྤྱད་དེ་གློག་ཀླད་དང་ལག་ཐོགས་ཁ་པར་གྱི་མཐའ་སྣེའི་ཞབས་ཞུར་ལྟ་རྟོག་བྱེད་པ་དང་བརྒྱུད་རིམ་ཧྲིལ་པོར་དྲ་ཐོག་རྣམ་པའི་ཐོག་ནས2020ལོའི་ཀྲུང་གོའི་སྤུས་རྟགས་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་གླེང་སྟེགས་དང་སྤྲིན་ཚོམས་ཐོག་གི་ཀྲུང་གོའི་རང་བརྟེན་སྤུས་རྟགས་དངོས་མང་སྟོན་ཚོགས་གཉེར་བ་རེད།

ཉིན་དེར་སྒོ་ཕྱེས་པའི་སྤྲིན་ཚོམས་ཐོག་གི་མཚོ་སྔོན་འགྲེམས་ཁང་དུ་བསྐྱོད་སྐབས་ལྟ་སྐོར་བ་ཚོར་མིག་གི་ལོངས་སྤྱོད་གྱ་ནོམ་པ་སྦྱིན་ཞིང་། ཐུན་མོང་མ་ཡིན་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁོངས་ཀྱི་ཉམས་འགྱུར་ནི་ཆུའི་ཡུལ་ཁམས་ཆེན་པོ་ཞིག་ཡིན་པ་དང་འགྲེམས་ཁང་གི་གཙོ་ཐིག་རྣམ་པའི་ཇུས་འགོད་དེ་གཙང་ཆུའི་གཞི་རྒྱུ་དང་མཉམ་འདྲེས་བྱས་ཡོད་པ་མ་ཟད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བརྗིད་ཆགས་མཛེས་སྡུག་རབ་ཏུ་མངོན་པར་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་རིམ་སྤེལ་བྱེད་སྒོ་དེ་ཟླ5པའི་ཚེས10ནས་ཚེས15ཉིན་བར་སྤེལ་རྒྱུ་ཡིན་པ་དང་། དེའི་རིང་བྱེད་ཐབས་སྣ་ཚོགས་བརྒྱུད་ནས་མཚོ་སྔོན་ཞིང་ཆེན་གྱི་སྤུས་རྟགས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་དང་གཟུགས་བརྙན་གསར་པ་གང་ལེགས་མངོན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་གཏོང་བ། མཚོ་སྔོན་སྤུས་རྟགས་ཀྱི་མཁོ་སྤྲོད་སྤུས་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རང་བརྟེན་སྤུས་རྟགས་དེ་བས་མང་པོ་བསྐྱེད་སྲིང་དང་འཕེལ་རྒྱས་སྟོབས་ཆེར་གཏོང་རྒྱུ་ཡིན་པ་རེད། ཞིང་ཆེན་ནང་ཁུལ་གྱི་ཁེ་ལས15དང་དེ་བཞིན་མཚོ་སྔོན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་། མཚོ་སྔོན་པོའི་ཡུལ་སྐོར་མཛེས་ལྗོངས་ཁུལ། ཧུའུ་ཀྲུའུ་བྱང་རིའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། ཚྭ་ཁ་ཚྭ་མཚེའུ་མཛེས་ལྗོངས་ཁུལ་སོགས་མཚོ་སྔོན་གྱི་ཡུལ་སྐོར་སྤྱི་པའི་སྤུས་རྟགས་ཆེ་གྲས་ལྔ་མཚོ་སྔོན་འགྲེམས་ཁང་དུ་འགྲེམས་སྟོན་ནང་ཞུགས་ཡོད་པ་རེད། །

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།