རྨ་ལྷོས་རྒྱང་བསྟེན་སློབ་གསོའི“སློབ་ཁྲིད་ཆུང་བ”དེ“གར་སྟེགས་ཆེན་པོར”འགྱུར་བར་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས8ཉིན་གྱི་ཞོགས་པར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་ཧོར་ཝན་སྡེ་བའི་ཏང་ཡོན་བྱེད་སྒོ་ཁང་དུ་འབྲོག་པ་ཏང་ཡོན་གྱིས་ཁེངས་ནས་ཉིན་དེའི་རྒྱང་བསྟེན་སློབ་གསོའི་སློབ་ཁྲིད་འགོ་ཚུགས་རྒྱུར་བསྒུགས་ཡོད། 

ད་ལོར། ཧི་ནན་རྫོང་གིས་ཏང་ཡོན་ལས་བྱེད་པའི་རྒྱང་བསྟེན་སློབ་གསོའི་ས་ཚིགས་ལIPTVརིམ་སྤོར་སྒྱུར་བཀོད་བྱས་པ་དང་། མིག་སྔར་ཁྱོན་རྒྱང་བསྟེན་སློབ་གསོའིIPTVཡི་མཐའ་སྣེའི་ས་ཚིགས40བསྐྲུན་ཡོད།  དེ་དང་ཆབས་ཅིག སློབ་སྦྱོང་གི་བརྗོད་བྱ་གཙོ་བོ་གཏན་འཁེལ་དང་། སློབ་སྦྱོང་གི་སྔོན་བརྡ་གཏོང་བ། གཅིག་བསྡུའི་སློབ་སྦྱོང་རྩ་འཛུགས་བྱེད་པ། བཞུགས་མོལ་གྲོས་བསྡུར་སྤེལ་བ། ཕྱིེར་སློག་ཆ་འཕྲིན་བསྡུ་ལེན་བྱེད་པ་བཅས“གོམ་སྟབས་ལྔ”ནན་འཛིན་བྱས་ནས་སློབ་སྦྱོང་དེ་གོམས་གཤིས་སུ་འགྱུར་བ་དང་དམིགས་ཚད་དུ་སླེབས་པ། ཕན་འབྲས་དངོས་ཐོན་པ་བཅས་བྱས་ཡོད།  

རྨང་གཞི་དེའི་ཐོག རྫོང་དེས་རྒྱང་བསྟེན་སློབ་གསོའི་དོ་དམ་སྐད་འཕྲིན་ཚོགས་པ་འཛུགས་པའི་རྣམ་པ་སྤྱད་དེ། རྫོང་དང་ཤང་། གྲོང་སྡེ་བཅས་རིམ་གསུམ་ལ་དུས་ཐོག་ཏུ་ལྟ་སྐུལ་དོ་དམ་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་ལྟ་བ་དང་། ཟླ་རེར་སྐུལ་བཤེར། དུས་ཚིགས་རེར་ཁྱབ་བསྒྲགས་སོགས་ཀྱི་བྱེད་ཐབས་བརྒྱུད་ནུས་ལྡན་ངང་ལས་ཀའི་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ཡོད། མིག་སྔར་རྒྱང་བསྟེན་སློབ་གསོའི་ལས་དོན་གྱི་སྐད་འཕྲིན་ཚོགས་པ7བཙུགས་ནས་སློབ་སྦྱོང་གོང་དང་སློབ་སྦྱོང་ཁྲོད། སློབ་སྦྱོང་རྗེས་བཅས་དུས་མཚམས་གསུམ་གྱིས་སློབ་སྦྱོང་རྩ་འཛུགས་བྱ་ཡུལ་གྱི་པར་རིས་བརྒྱུད་སྤྲོད་བྱས་ཏེ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གཅིག་བསྡུའི་སློབ་སྦྱོང་ལྟ་སྐུལ་ལ་ཁྱོན་ཡོངས་ནས་འགན་ལེན་བྱས་ཡོད། 

ཧི་ནན་རྫོང་ཏང་ཨུ་སྒྲིག་འཛུགས་པུའུ་ཡི་ལས་བྱེད་པ་ཀྲང་གོ་ལིན་གྱིས་གཅིག་བསྡུའི་སློབ་སྦྱོང་བྱ་ཡུལ་དུ་ངོ་སྤྲོད་བྱས་ལྟར་ན། རྫོང་དེས“གོམ་སྟབས་ལྔ”སོགས་བྱ་ཐབས་ཁག་ཁྱབ་གདལ་བཏང་བ་བརྒྱུད་རྒྱང་བསྟེན་སློབ་གསོའི་ལས་དོན་སྔར་བས་ཇེ་ལེགས་སུ་བཏོང་བར་སྐུལ་འདེད་བ་དང་། རྒྱང་བསྟེན་སློབ་གསོའི“སློབ་ཁྲིད་ཆུང་བ”དེ“གར་སྟེགས་ཆེན་པོར”བསྒྱུར་ནས་ཏང་ཡོན་དང་མང་ཚོགས་ཡོངས་གཅིག་བསྡུའི་སློབ་སྦྱོང་གི་གཡུལ་ས་གཙོ་བོ་གཏོད་རྒྱུར་རྨང་གཞི་བརྟན་པོ་བཏིང་ཞིང་རྒྱང་བསྟེན་སློབ་གསོ་དེ་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་ཆེན་པོའི་ཁྲོད་ཁྱབ་ཏུ་བཅུག་ཡོད།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།