མཱ་ཅི་ཞའོ་ཡིས་མཚོ་བྱང་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་བའི་ཚེས་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཧེ་ཡན་རྫོང་ཏང་ཨུའི་མང་ཚོགས་བྱ་བའི་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་པོ་ཞང་སོགས་ལ་སོང་ནས་མང་ཚོགས་ཚོགས་པའི་བཅོས་སྒྱུར་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་མང་ཚོགས་ཚོགས་པའི་ལས་བྱེད་པ་དང་བརྗེ་རེས་བཞུགས་མོལ་བྱས།

མཱ་ཅི་ཞའོ་ཡིས་བསྟན་དོན། ལོ་གཅིག་རིང་གི་འཚོལ་ཞིབ་ལག་ལེན་བརྒྱུད་དེ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་མང་ཚོགས་ཚོགས་པའི་བཅོས་སྒྱུར་ཚོད་ལྟ་བྱ་བའི་ཐད་ནས་གཞི་རིམ་གྱིས་བརྩི་བཀུར་བྱེད་པ་དང་མང་ཚོགས་ཡིད་ཚིམ་པ། གྲུབ་འབྲས་མངོན་གསལ་ཡིན་པ་སོགས་ཀྱི་ཁྱད་ཆོས་མངོན་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། མུ་མཐུད་དུ་སྙིང་སྟོབས་ཆེན་པོས་ཚོད་ལྟ་དང་འབད་འཐབ་བྱས་ནས། མང་ཚོགས་ཚོགས་པའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་གཞི་རིམ་དུ་རྒྱུན་བསྲིང་བར་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་མང་ཚོགས་ཚོགས་པའི་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་མང་ཚོགས་ཚོགས་པའི་མཉམ་ལས་ཅན་གྱི་འཛུགས་སྐྲུན་སྤེལ་བའི་ལག་བསྟར་ཇུས་གཞི་ལག་ལེན་མཐར་ཕྱིན་བྱས་ཏེ། མང་ཚོགས་ཚོགས་པའི་བཅོས་སྒྱུར་གྱི་ཁ་ཕྱོགས་མི་འགྱུར་བ་དང་སྤེལ་ཤུགས་ཆེར་གཏོང་བ། གོམ་སྟབས་མཚམས་མི་འཇོག་པར་ཁག་ཐེག་བྱེད་དགོས། བསམ་བློའི་ངོས་ཟིན་མཐོར་འདེགས་གཏོང་བ་དང་སྤྱི་ཡོངས་ཀྱི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ། ལངས་གནས་སྔར་ལས་མཐོ་བ་དང་རྣམ་པ་སྔར་ལས་ཆེན་པོས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས། ཕྱོགས་བསྡུས་རང་བཞིན་གྱི་མང་ཚོགས་ཚོགས་པའི་ལས་བྱེད་པ་སྐྱེད་སྲིང་བྱས་ནས། མང་ཚོགས་ཚོགས་པའི་མཉམ་ལས་ཅན་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། མང་ཚོགས་ལ་ཕན་ཆེན་པོ་འདོགས་པ། གྲུབ་འབྲས་སྔར་ལས་མངོན་གསལ་ལེན་ཐུབ་པར་བྱེད་དགོས། སྔོན་ཐོན་ཉམས་མྱོང་སྤྱི་སྡོམ་ནན་མོ་བྱེད་པ་དང་། ཞན་ཆ་དང་མི་འདང་ས་འཚོལ་བ། ཁྱད་ཆོས་མངོན་པར་བྱེད་པ། ཞན་ཆ་ཁ་གསབ་བྱེད་པ་མ་ཟད། དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་སྟེ། མང་ཚོགས་ཚོགས་པའི་བཅོས་སྒྱུར་ཐད་སྣང་ཚུལ་སྟུག་པོ་བསྐྲུན་དགོས། མང་ཚོགས་ལ་ཏང་གི་སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་རང་བཞིན་དྲིལ་སྒྲོག་བྱེད་པ། མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་བསམ་པ། ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་བྱས་ནས། ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་དགོས། རིམ་པ་སོ་སོའི་མང་ཚོགས་ཚོགས་པ་རྩ་འཛུགས་ཀྱིས་གོང་འོག་མཉམ་འབྲེལ་བྱེད་པ་དང་མཉམ་འཛིན་མཉམ་སྡོམ་བྱས་ཏེ། མང་ཚོགས་ཚོགས་པའི་བཅོས་སྒྱུར་ཐད་ནས་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་དང་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བློ་མཐུན་བཅས་ཀྱིས་མཉམ་དུ་རྟོག་ཞིབ་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།