ཡུས་ཧྲུའུ་ཁུལ་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་དབང་བོ་སྐྱོན་ཅན་གྱི་གནད་འཁེལ་དབུལ་སྐྱོར་བྱེད་པའི་ལས་དོན་ལ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབང་བོ་སྐྱོན་ཅན་མི་གྲངས་ཀྱི་བསྡུར་ཚད་མཐོ་བ་དང་། དབུལ་བོ་མང་བ། དབང་པོ་སྐྱོན་ཅན་ཁྱིམ་ཚང་གི་ཡོང་འབབ་དམའ་བ་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས། ཉེ་སྔོན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཐབས་མང་མཉམ་སྤྱོད་དང་། ཕྱོགས་མང་ཤུགས་འདོན་གྱིས་གོམ་གང་མདུན་སྤོས་ཀྱིས་དབུལ་སྐྱོར་དཀའ་སེལ་བྱེད་ཐབས་སྔར་བས་ཤུགས་ཆེ་རུ་བཏང་ནས། དབང་བོ་སྐྱོན་ཅན་ལ་འཕྲད་པའི་མངོན་གསལ་གྱི་གནད་དོན་ནན་ཏན་གྱིས་ཐག་གཅོད་བཅས་བྱས་ཏེ་གནད་འཁེལ་དབུལ་སྐྱོར་ལ་ཕན་འབྲས་ཐོབ་པར་འགན་ལེན་བྱས་པ་རེད།

དབུལ་སྐྱོར་ལས་དོན་སྒྲུབ་པའི་སྐབས། ཡུས་ཧྲུའུ་ཁུལ་གྱིས་སྲིད་གཞུང་གི་མཐའ་སྐྱོང་འགན་ལེན་བརྒྱུད་དབང་བོ་སྐྱོན་ཅན4005གནད་འཁེལ་དབུལ་སྐྱོར་གྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་དུ་བཞག་པ་དང་། མི་གྲངས2112མཐའ་སྐྱོང་འགན་ལེན་ཁྱབ་ཁོངས་ནང་བཞག་པ་མ་ཟད། ཞིང་འབྲོག་ཁུལ་གྱི་དབང་བོ་སྐྱོན་ཅན་དག་ཞིང་གྲོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོར་ཁྱབ་ཁོངས་ནང་བཞག་ཅིང་། དབང་བོ་སྐྱོན་ཅན་ཚབས་ཆེན་ལ་སྨན་བཅོས་ཁ་གསབ་ཀྱི་མ་དངུལ་ཇེ་མང་དུ་བཏང་ཞིང་། དབང་བོ་སྐྱོན་ཅན་ཚབས་ཆེན་གྱི་ཁྱིམ་ཚང་ལ་འགོག་རྐྱེན་མེད་པའི་སྒྱུར་བཀོད་དང་ནད་བཅོས་ཁ་གསབ་སོགས་ཀྱི་ཁ་གསབ་མ་དངུལ་སྤྲད་དེ་དབང་བོ་སྐྱོན་ཅན་ལ་སྨན་བཅོས་དབུལ་སྐྱོར་གྱི་གཤགས་བཅོས་བྱས་པ་མ་ཟད། ཁུལ་བདེ་ཐང་སླར་གསོའི་སྨན་ཁང་དང་ཁུལ་དབང་བོ་སྐྱོན་ཅན་བདེ་ཐང་སླར་གསོའི་ཞབས་ཞུ་ལྟེ་གནས་བཙུགས་ནས་དབང་བོ་སྐྱོན་ཅན་ལ་བདེ་ཐང་སླར་གསོའི་ཞབས་འདེགས་ཞུས། གྲོང་ཁྱེར་དང་རྫོང་ཁག་གིས་མ་དངུལ་སྒོར་ཁྲི2300བཏང་ནས་དབང་བོ་སྐྱོན་ཅན་གྱི་གནད་འཁེལ་སྨན་བཅོས་དབུལ་སྐྱོར་རོགས་སྐྱོབ་ལས་དོན་སྤེལ་ཏེ། ཁམས་གསོ་དང་བཅོལ་གསོའི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་གཞིས་འཚེམ་བཟོ་དང་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོ་བ་སོགས་ཀྱི་གསོ་སྦྱོང་འཛིན་གྲྭ་བཙུགས་ནས་དབང་བོ་སྐྱོན་ཅན་ལས་ཞུགས་བྱེད་པར་རོགས་སྐྱོར་བྱས།   

གཞན་ཡང་མཐོ་རིམ་སློབ་འབྲིང་དང་། འབྲིང་རིམ་དང་ཆེད་སྦྱོང་སློབ་གྲྭ་ཆེ་མོར་རྒྱུགས་འཕྲོད་པའི་དབང་བོ་སྐྱོན་ཅན་གྱི་སློབ་མ་དབུལ་བོ་དང་དབང་བོ་སྐྱོན་ཅན་དབུལ་ཕོངས་ཁྱིམ་ཚང་གི་བུ་ཕྲུག511ལ་སློབ་སྐྱོར་རོགས་དངུལ་སྤྲད་པ་དང་། རོགས་སྐྱོར་མ་དངུལ་སྒོར་ཁྲི40དོན་འཁྱོལ་བྱས་ནས་རྐུབ་སྟེགས་འཁོར་ལོར་སྡོད་པའི་དབང་བོ་སྐྱོན་ཅན་30ལས་གྲུབ་པའི“ཡུས་ཧྲུའུ་ཁུལ་གྱི་རྒྱུངས་པར་རྨས་སྐྱོན་ཕོག་མཁན་གྱི་རེ་བའི་ཁྱིམ་གཞིས”བཙུགས་པ་མ་ཟད། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ཞབས་ཞུའི་ཚོམས་ཆེན་བཙུགས་ནས་རིམ་པ་བཞིན་དབང་བོ་སྐྱོན་ཅན་ལ་རམ་འདེགས་རང་བཞིན་གྱི་ལས་ཞུགས་རྣམ་གྲངས་མཛོད་བཙུགས་ཏེ་དབང་བོ་སྐྱོན་ཅན་དབུལ་ཐར་བྱེད་པར་འགན་ལེན་བྱས། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།