རྨ་ལྷོ་ཁུལ་གྱིས་ཞིང་སྡེའི་བཞི་ལེགས་གཞུང་ལམ་འཛུགས་སྐྲུན་བྱས་ཏེ་གཡུར་ཟའི་འབྲས་བུ་བླངས།

res01_attpic_brief.jpg

ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་བྱས་ཏེ་མཁར་གྲོང་གི་བར་ཐག་ཇེ་ཉེ་རུ་བཏང་ནས་མང་ཚོགས་ལ་སྟབས་བདེ་བཟོས། 

res04_attpic_brief.jpg

དག་གཙང་གི་གཞུང་ལམ་འཛུགས་སྐྲུན་བྱས་ནས་མང་ཚོགས་ཕྱིར་བསྐྱོད་པར་ཕན་བདེ་སྐྲུན། 

res07_attpic_brief.jpg

རྩེ་ཆུའི་རྩྭ་ཐང་སྟེང་གི་གཞུང་ལམ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་སྡེའི་བཞི་ལེགས་གཞུང་ལམ་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་ནི་སྔར་ལས་ལྷག་པར་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ལེགས་པོ་བྱེད་པ་དང་དོ་དམ་ལེགས་པོ་བྱེད་པ། སྲུང་སྐྱོང་ལེགས་པོ་བྱེད་པ། འཁོར་སྐྱོད་ལེགས་པོ་བྱེད་པ་སོགས་ཀྱིས་རིམ་བཞིན་ཞིང་སྡེའི་འཕེལ་རྒྱས་ཀྱི་གེགས་རྐྱེན་སེལ་རྒྱུ་དེ་རེད། ཉེ་བའི་ལོ་འགའི་རིང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྣམ་གྲངས་འདི་ནི་དམངས་འཚོ་དང་དམངས་སེམས། དམངས་ཕན་གྱི་བཟོ་འགོད་གལ་ཆེན་ཞིག་ཏུ་བརྩིས་ནས་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་བྱས་པས་འགྲིམ་འགྲུལ་སྐྱེལ་འདྲེན་ཐད་འཕེལ་རྒྱས་ཆེན་པོ་བྱུང་སྟེ་རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་ལ་ཕན་ཁེ་བསྐྲུན།  མ་དངུལ་སྒོར་དུང་ཕྱུར7.64བཏང་ནས་སྤྱིའི་རིང་ཚད་ལ་སྤྱི་ལེ་116.485ཡོད་པའི་རྨ་ལྷོ་སོག་རྫོང་ནས་ཨེར་ཧ་སི་ཟམ་པའི་བར་གྱི་གཞུང་ལམ་ཧྲིལ་པོ་བདེ་བླག་ངང་ཤར་གཏོང་ཐུབ་པ་དང་། རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་དེ་ཞིང་ཆེན་ཡོངས་ཀྱི“ཞིང་སྡེའི་བཞི་ལེགས་གཞུང་ལམ”གྱི་དཔེ་སྟོན་རྫོང་དུ་བདམས།  ཁུལ་ཡོངས་ཀྱིས་ཞིང་སྡེའི་གཞུང་ལམ་རྣམ་གྲངས་97དངོས་འབེབས་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར1.9བཏང་སྟེ། ཞིང་སྡེའི་གཞུང་ལམ་སྤྱི་ལེ381གསར་དུ་བསྐྱར་སྐྲུན་བྱས་པ་དང་། ཤང་གྲོང་གི་འགྲུལ་སྐྱེལ་ས་ཚིགས3བསྐྲུན་པ་སོགས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཐོབ་པ་དང་། ཞིང་སྡེའི་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ། ཞིང་ལས་ཞིང་སྡེའི་དེང་རབས་ཅན་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཐད་འགྲིམ་འགྲུལ་ཕྱོགས་ཀྱི་འགན་སྲུང་མདོན་སྤྲོད་བྱས་ཡོད།  །  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།