མཚོ་ནུབ་ཀྱིས་གྲངས་རིག་དཔལ་འབྱོར་འཕེལ་རྒྱས་བཏང་ནས“རིག་ནུས་གསར་གཏོད”ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་འདི་འགའི་རིང་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་གྲངས་རིག་དཔལ་འབྱོར་འཛུགས་སྐྲུན་དེ“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། ད་ལོ་ཚུན་དུ་གྲངས་རིག་དཔལ་འབྱོར་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ཆེ་རུ་གཏོང་བ་དང་རིམ་བརྩེགས་མང་བ། ལྡབ་འཕར་བཅས་ཀྱི་ཕན་འབྲས་ཐོན་ནས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་སྔར་ལས་ཆེ་བ་སྤོས་ཡོད།

མཚོ་ནུབ་ཁུལ་གྱིས་ཨ་ལེ་པ་པ་སྡེ་ཚོགས་སོགས་གྲགས་ཅན་ཁེ་ལས་དང་གྲངས་རིག་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་རིག་ལྡན་གྲོང་ཁྱེར་བསྐྲུན་པ། གཞི་གྲངས་འཕྲིན་གཏོང་དྲ་རྒྱ་བསྐྲུན་པ་སོགས་ཐད་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། “གྲངས་རིག་ཀྲུང་གོ.རིག་ནུས་མཚོ་ནུབ”བསྐྲུན་རྒྱུར་འདེགས་སྐྱོར་དང་འགན་ལེན་བྱས་ཡོད། ཉི་འོད་ནུས་པའི་དྲ་རྒྱ་འཛུགས་སྐྲུན་དང་4Gགཏིང་ཟབ་ཁྱབ་བརྡལ་གཏོང་པ། 5Gསྦྲེལ་ཚུགས་ཀྱི་བཀོད་པ་འཛུགས་སྐྲུན་སོགས་ཀྱི་ལས་གཞིའི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ཚྭ་འདམ་གཤོང་སའི་དྲ་ཐོག་ཚོང་དོན་སྔོ་ལྗང་གླིང་ཕྲན་དང་། ན་གོར་མོ་གྲོང་ཁྱེར་མཚོ་བོད་གློག་རྡུལ་ཚོང་དོན་ཐོན་ལས་གླིང་། ཝུའུ་ལན་རྫོང་གློག་རྡུལ་ཚོང་དོན་ཐོན་ལས་གླིང་སོགས་གློག་རྡུལ་ཚོང་དོན་གཅིག་སྡུད་ཁུལ་ལ་བརྟེན་ནས། དངོས་ཟོག་ཀུན་སྦྲེལ་དང་དངོས་ཡོད་དུ་ཁྱབ་པ། དྲ་ཐོག་གསར་གཏོད་བཅས་བྱ་རྒྱུ་དེ་འཕེལ་རྒྱས་ཀྱི་རྒྱུན་རྣམ་དུ་འགྱུར་བར་འབད་ཀྱིན་ཡོད། མ་དངུལ་སྒོར་ཁྲི1715བརྩོན་ལེན་བྱས་ནས། ཏུའུ་ལན་ཅིན་ཧུའེ་གཏེར་ལས་ཚད་ཡོད་ཀུང་ཟིའི་ས་འོག་གཏེར་རིའི་བདེ་འཇགས་ཉེན་གཡོལ་གྱི“མ་ལག་དྲུག”བཟོ་སྐྲུན་དང་། ཁུ་ནུ་བུལ་ལས། མཚོ་སྔོན་ཤིས་ཧོ་ནན་མདོག་ལྡན་ལྕགས་རིགས་ཚད་ཡོད་ཀུང་ཟིའིDCSམ་ལག་འཛུགས་སྐྲུན་སོགས་ཀྱི་ལས་གཞི་རིམ་པར་བསྐྲུན་ཏེ། ཁེ་ལས་ལ་སྣེ་ཁྲིད་དེ་མ་དངུལ་སྒོར་དུང་ཕྱུར25.28ཙམ་བརྩོན་ལེན་བྱས་ནས།  ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་པ་སོགས་ཀྱི་ཐད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།