ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་ཀྲུང་དབྱང་དབུལ་ཐར་མཁྲེགས་གཏོར་ཆེད་དམིགས་སྐོར་ཞིབ་ཀྱི“ཕྱིར་མིག་ལྟ་བའི”དག་ཐེར་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་ནས་ཚེས་སུམ་ཅུ་ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གིས་ཀྲུང་དབྱང་དབུལ་ཐར་མཁྲེགས་གཏོར་ཆེད་དམིགས་སྐོར་ཞིབ་ཀྱི“ཕྱིར་མིག་ལྟ་བའི”དག་ཐེར་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་མཐོ་རུ་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། “འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་བྱེད་དགོས་པ་གཉིས”བཟང་བོར་བསྒྲུབ་ཐུབ་པ་བཅས་བྱེད་དགོས། འགན་འཁྲི་དང་ལས་དོན། བརྩེ་དུང་བཅས་མཚོན་པར་བྱེད་པ་དང་། འཚོལ་སྟོན་དབྱེ་ཞིབ་དང་ལྟ་སྡུར་ཞིབ་བཤེར་གཏིང་ཟབ་བྱེད་པ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་མོ་བྱེད་པ། འབད་བརྩོན་བྱེད་ཕྱོགས་དང་དག་ཐེར་ཡོ་བསྲང་བྱེད་ཐབས་སྔར་ལས་ཁ་གསལ་བཟོ་བ། བདེན་འཚོལ་དོན་གཉེར་གྱི་སྤྱོད་ཚུལ་ཐོག་ནས་ཀྲུང་དབྱང་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་ཀྱི“ཕྱིར་མིག་ལྟ་བ”དང་ཕན་འབྲས་དཔྱད་ཞིབ་ཚུར་ལན་གནད་དོན་དག་ཐེར་ཡོ་བསྲང་གནད་དུ་འཁེལ་བར་བྱ་དགོས། དུས་བཀག་ལྟར་སྤུས་ཚད་མཐོ་བའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་ཚད་ལས་འགན་ཡོངས་འགྲུབ་བྱས་ནས། རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་བྱེད་དགོས་ཟེར།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་སྤྱི་སྡོམ་གཏམ་བཤད་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་རྡོ་རྗེ་རབ་བརྟན་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་ཀྲང་ཀོང་རུང་ཚོགས་འདུར་ཟུར་ཞུགས་བྱས། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་བློ་མཐུན་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས།

ད་ཐེངས་ཀྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་ཆེད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲ་སྒྲིག་ནན་ཏན་བྱས་ཏེ། ཀྲུང་དབྱང་ཆེད་དོན་སྐོར་ཞིབ་ཀྱི“ཕྱིར་མིག་ལྟ་བའི”གནད་དོན་ཤེས་རྟོགས་བྱུང་བ་དང་། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི”བརྗོད་དོན་སློབ་གསོའི་གནད་དོན་ལ་ཞིབ་ལྟ་དང་དབུལ་ཐར་མཁྲེགས་གཏོར་ཕན་འབྲས་དཔྱད་ཞིབ་དང་ཚུར་ལན་གནད་དོན་ལ་ཁྱོན་ཡོངས་ནས་ཞིབ་བསྡུར་བྱས་ཏེ། སྐོར་ཞིབ་དག་ཐེར་གྱི་ཇུས་གཞི་བཟོས་པ་རེད། ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་ཆེད་དོན་ཟུར་ཁྲིད་འཆད་ཁྲིད་བྱས་ཏེ། དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ་དང་། ལྷག་པར་དུ་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་ཀྱི“ཕྱིར་མིག་ལྟ་བ”དང་ཕན་འབྲས་དཔྱད་ཞིབ་སྙན་ཞུར་ཉན་སྐབས་ཀྱི་གསུང་བཤད་གལ་ཆེན་དང་། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཅིག་སྡུད་ཐོག་སློབ་སྦྱོང་བྱས་ནས། བསམ་བློ་དང་སྦྱོར་བ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་དབུལ་ཐར་མཁྲེགས་གཏོར་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྱིས་ནན་ཏན་གྱིས་རང་སྦྱོང་བྱས་ཏེ། མ་རྩོམ་ཀློག་པ་དང་མ་ཡིག་སྦྱོང་བ། རྩ་བའི་རིགས་པ་རྟོགས་པ་བཅས་བྱས་ཏེ། སྐོར་ཞིབ་དག་ཐེར་ཡོ་བསྲང་གི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཇེ་ཆེར་ཏན་ཏིག་བཏང་ཞིང་། “མི་སྣ་གསོ་སྦྱོང་ཆེན་མོ་དང་། ལས་གནས་དམག་སྦྱོང་ཆེན་མོ། ཁོར་ཡུག་བཅོས་སྐྱོང་ཆེན་མོ”བཅས་ཀྱི་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ། དངོས་སྡོད་བརྟག་དཔྱད་ཞིབ་འཇུག་ཏན་ཏིག་གིས་སྤེལ་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོར་ཉན་པ་དང་། རྒྱུན་ལས་ཨུ་ཡོན་བློ་མཐུན་གྱིས་ཕན་ཚུན་སྙིང་གཏམ་བཤད་རེས་དང་གླེང་མོལ་བྱེད་རེས་དང་། རང་འགུལ་གྱིས་བསམ་བློར་ཞིབ་བཤེར། འབྱུང་རྩར་དབྱེ་ཞིབ། ལྟ་སྡུར་ཞིབ་བཤེར་ཡིག་རིགས་ནན་ཏན་གྱིས་འབྲི་བ་བཅས་བྱས་པས། ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་ལེགས་པོ་འཚོག་པར་རྨང་གཞི་བརྟན་པོ་བཏིང་ཡོད་ཟེར།

ཚོགས་ཐོག་ནས་ཀྲུང་དབྱང་དབུལ་ཐར་མཁྲེགས་གཏོར་ཆེད་དོན་སྐོར་ཞིབ་ཀྱི“ཕྱིར་མིག་ལྟ་བ”དང་ཕན་འབྲས་དཔྱད་ཞིབ་ཚུར་ལན་གནད་དོན་དག་ཐེར་དོན་འཁྱོལ་གྱི་འཕེལ་རིམ་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི་ཚབ་བྱས་ནས། ཞིབ་བསྡུར་སྐྱོན་བཤེར་བྱས་པ་དང་སྣེ་ཁྲིད་དེ་མི་སྒེར་གྱི་ཞིབ་བསྡུར་སྐྱོན་བཤེར་གྱི་གཏམ་བཤད་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིའུ་ཉིང་། དེ་མིན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གཞན་དག་གིས་ཀྱང“བཀོད་པ་གསུམ་དང་། མཐོ་གཉིས་འཕོ་འགྱུར”ལ་དམིགས་ནས་རེ་རེ་བཞིན་ཞིབ་བསྡུར་སྐྱོན་བཤེར་གྱི་གཏམ་བཤད་སྤེལ་ནས། སྒམ་བརླིང་ནན་ཏན་གྱི་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་ཡོད་ཟེར།

ཝང་ཅན་ཅུན་གྱིས་སྤྱི་སྡོམ་གཏམ་བཤད་སྤེལ་སྐབས་ཞིང་ཆེན་ཏང་ཨུའི་ད་རེས་ཀྱི་དམངས་གཙོ་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་པ་དང་། རྒྱུན་ལས་ཨུ་ཡོན་བློ་མཐུན་གྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ཚོགས་འདུ་དེ་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བའི་ཚོགས་འདུ་དང་བསམ་བློ་གཅིག་གྱུར་གྱི་ཚོགས་འདུ། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བའི་ཚོགས་འདུ། མཉམ་ཤུགས་གཅིག་སྒྲིལ་གྱི་ཚོགས་འདུ། མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཚོགས་འདུ་བཅས་སུ་འགྱུར་བར་འབད་བརྩོན་བྱས་ཏེ། ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་མངོན་པ་དང་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། གནད་དོན་ཕྱོགས་སྟོན་དུ་འཛིན་ཤུགས་ཆེ་རུ་གཏོང་བ། དག་ཐེར་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྔོན་དཔག་དམིགས་ཚད་མངོན་འགྱུར་བྱུང་ཡོད་ཟེར།

ཝང་ཅན་ཅུན་གྱིས་ད་ཐེངས་ཀྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་གྲུབ་འབྲས་དེ་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས“འདུ་ཤེས་བཞི”སྔར་བས་ཇེ་ཟབ་ཏུ་གཏོང་བ་དང་། “ཡིད་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་བྱེད་དགོས་པ་གཉིས”བཟང་བོར་བསྒྲུབ་ཐུབ་པ་བཅས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་རང་རྟོགས་ངང་དམིགས་ཏེ། སྤྱོད་ཚུལ་བཟང་པོར་བརྟེན་ནས་སློབ་སྦྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དང་བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཚོ་སྔོན་དུ་རྩ་བ་ཚུགས་ནས་ཕན་འབྲས་ཐོན་པ་དང་སྔར་ལས་གཏིང་ཟབ་ཏུ་ཏན་ཏིག་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྤྱོད་ཚུལ་བཟང་པོར་བརྟེན་ནས་ལག་ལེན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། དམིགས་འབེན་ལས་འགན་ལ་དམིགས་ཏེ་ཡག་ཐོག་ཡག་བརྩེགས་དང་། སྲ་བརྟན་མཐོར་འདེགས། དམག་འཐབ་ལྟ་སྐུལ་མཛུབ་ཁྲིད་སོགས་ཀྱི་ཆེད་དོན་བྱ་སྤྱོད་ཏན་ཏིག་སྤེལ་ནས། དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་རྒྱས་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་བརྟན་པོ་གཏོང་དགོས། སྤྱོད་ཚུལ་བཟང་པོར་བརྟེན་ནས་དག་ཐེར་ཡོ་བསྲང་དམ་འཛིན་ལེགས་པོ་དང་། ནན་ཏན་དང་མཁྲེགས་སར་གཏུག་ཕོད་པ། ཞན་ཆ་གསབ་པ་དང་སྐྱོན་ཆ་སེལ་བ། ཞན་ཆ་སེལ་བ་སོགས་ཀྱི་ལས་ཀ་ཁག་ཆད་ལུས་མེད་པར་ལེགས་པར་བསྒྲུབ་སྟེ། དག་ཐེར་ཡོ་བསྲང་ལ་ཕན་འབྲས་དངོས་ཐོབ་པར་འགན་ལེན་ཏན་ཏིག་བྱ་དགོས། སྤྱོད་ཚུལ་བཟང་པོར་བརྟེན་ནས་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པ་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་ཡོ་བསྲང་བྱེད་པ།གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་མཇུག་བསྡུའི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཚད་ལོན་པའི་རྒྱུགས་ལན་སྤྲོད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།