ཀྲང་ཀོང་རུང་གིས་ཞིང་ཆེན་དམངས་ཆེན་ལས་ཁུངས་ཀྱི་ན་གཞོན་ལས་དོན་བཞུགས་མོལ་ཚོགས་འདུའི་སྟེང་ཏང་དང་རྒྱལ་ཁབ། མི་དམངས་བཅས་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་བའི་ཁྲོད་ལང་ཚོའི་བཀྲག་མདངས་འཚེར་དུ་འཇུག་དགོས་པ་ནན་བཤད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལྔ་བཞིའི”ན་གཞོན་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར། ཟླ་4བའི་ཚེས་28ཉིན། ཞིང་ཆེན་དམངས་ཆེན་གྱིས་ལས་ཁུངས་ཀྱི་ན་གཞོན་ལས་དོན་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཀྲང་ཀོང་རུང་གིས་ནན་གྱིས་བསྟན་དོན། ན་གཞོན་ནི་རྒྱལ་ཁབ་ཀྱི་འབྱུང་འགྱུར་དང་མི་རིགས་ཀྱི་རེ་བ་ཡིན། རླབས་ཆེན་གྱི་དུས་རབས་གསར་པ་དང་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཁྲོད་ན་གཞོན་ཚོས་མི་ཚེའི་སྒྲོག་གུ་དང་པོ་ཡག་པོར་བརྒྱག་པ་དང་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོས་ནས། ཏང་དང་རྒྱལ་ཁབ། མི་དམངས་བཅས་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་བ་དང་། དམངས་ཆེན་གྱི“ལས་ཁུངས་བཞིའི”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་བཀྲག་མདངས་འཚེར་བར་བྱེད་དགོས་ཟེར། ཁོས་ན་གཞོན་ལས་བྱེད་པར་སློབ་སྦྱོང་གི་གོམས་གཤིས་བཟང་པོ་ཞིག་སྐྱེད་སྲིང་བྱས་ནས་ནང་དོན་དང་ཤེས་བྱ་ལྡན་པའི་མི་ཞིག་བྱེད་དགོས་པའི་ལྕག་སྐུལ་གནང་བ་དང་། གཤིས་རྒྱུད་བཟང་པོ་སྦྱོང་བརྡར་བྱས་ཏེ་དད་མོས་དང་དོན་གཉེར་གཉིས་ཀ་ཡོད་པའི་མི་ཞིག་བྱེད་དགོས། མི་གཤིས་ཀྱི་སྟོབས་ཤུགས་དང་བདེན་དོན་གྱི་སྟོབས་ཤུགས་གསོག་འཇོག་བྱས་ཏེ། བརྩི་བཀུར་ཐོབ་ཅིང་འཇོན་ཐང་ལྡན་པའི་མི་ཞིག་བྱེད་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་རྩ་དོན་ལ་མཐོང་ཆེན་དང་སྤྲོ་སེམས་ལྡན་པའི་མི་ཞིག་བྱེད་དགོས། ཀུན་བསྡུ་མཉམ་གསོག་བྱེད་ཤེས་པ་དང་། བཟོད་སྒོམ་དང་བྱམས་བརྩེ་ལྡན་པའི་མི་ཞིག་བྱེད་ཤེས་དགོས།  ཚད་མཐའི་བསམ་གཞིགས་བཅངས་ནས་གཞུང་དྲང་ཡིན་ལ་ཚུལ་ལྡན་ཡང་ཡིན་པའི་མི་ཞིག་བྱེད་དགོས། གཅེས་སྤྲས་དང་བརྩི་འཇོག་བྱེད་ཤེས་དགོས་ལ། ལས་དབང་ལ་གཅེས་སྤྲས་དང་དྲིན་ཚོར་ཤེས་པའི་མི་ཞིག་བྱེད་དགོས་ཟེར།

ཚོགས་ཐོག་ཏུ་ན་གཞོན་ལས་བྱེད་པའི་འཐུས་མི་7གྱིས་གཏམ་བཤད་སྤེལ་བ་དང་། ཚང་མས་ན་གཞོན་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་བསྡུས་པ་དེས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རིམ་པ་གཉིས་ཀྱི་ཏང་ཙུའུ་ཡིས་ན་གཞོན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་སྒོས་མཚོན་པ་དང་། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། ལས་ཀའི་ཁྲོད་གཤིས་རྒྱུད་སྦྱོང་བརྡར་དང་འཇོན་ཐང་ཆེ་རུ་གཏོང་བ། ལང་ཚོར་གཅེས་སྤྲས་དང་ལང་ཚོ་ཆུད་ཟོས་སུ་མི་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་པའི་དམངས་ཆེན་བྱ་བ་དང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་དང་ཉམས་འགྱུར་མངོན་པ་བཅས་བྱེད་དགོས་པར་འདོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།