མཚོ་སྔོན་གྱིས་འཚོལ་ཞིབ་བྱས་ཏེ་ཞིང་ཆེན་གྱིས་ཐད་ཀར་དོ་དམ་བྱེད་པའི་ཐིན་རིམ་པའི་ཏང་སྲིད་མགོ་ཁྲིད་ལས་བྱེད་མི་སྣའི་ཆབ་སྲིད་བསམ་བློའི་ཡིག་ཚགས་བཟོས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལས་བྱེད་མི་སྣའི་ཆབ་སྲིད་བསམ་བློའི་རྣམ་འགྱུར་དོན་ངོས་དང་མཐུན་པའི་སྒོ་ནས་ཐོ་འགོད་དང་། ལས་བྱེད་མི་སྣའི་ཆབ་སྲིད་བྱང་ཚད་གནད་ལ་ཁེལ་བའི་སྒོ་ནས་ཚད་ལེན་དང་། ལས་བྱེད་མི་སྣ་བསྐོ་འཐེན་བྱ་སྐབས་ཆབ་སྲིད་ཀྱི་གནད་འགག་ལ་དམ་འཛིན་བྱ་ཕྱིར། མཚོ་སྔོན་ཞིང་ཆེན་གྱིས《ལས་བྱེད་མི་སྣའི་ཆབ་སྲིད་བསམ་བློ་རྟོག་ཞིབ་བྱེད་ཐབས》གཏན་ལ་ཕབ་སྟེ་ཡོངས་བསྒྲགས་བྱས་པའི་རྨང་གཞིའི་སྟེང་། 《མཚོ་སྔོན་ཞིང་ཆེན་གྱིས་ཐད་ཀར་དོ་དམ་བྱེད་པའི་ཐིན་རིམ་པའི་ཏང་སྲིད་མགོ་ཁྲིད་ལས་བྱེད་མི་སྣའི་ཆབ་སྲིད་བསམ་བློའི་ཡིག་ཚགས་ཀྱི་གནས་སྐབས་དོ་དམ་བྱ་ཐབས》ཞིབ་འཇུག་བྱས་ནས་གཏན་ལ་ཕབ་པ་དང་། འབད་པ་ལྷོད་མེད་ཀྱིས་འཚོལ་ཞིབ་བྱས་ཏེ་ཞིང་ཆེན་གྱིས་ཐད་ཀར་དོ་དམ་བྱེད་པའི་ཐིན་རིམ་པའི་ཏང་སྲིད་མགོ་ཁྲིད་ལས་བྱེད་མི་སྣའི་ཆབ་སྲིད་བསམ་བློའི་ཡིག་ཚགས་བཟོ་རྒྱུ་རེད།

ཞིང་ཆེན་གྱིས་ཐད་ཀར་དོ་དམ་བྱེད་པའི་ཐིན་རིམ་པའི་ཏང་སྲིད་མགོ་ཁྲིད་ལས་བྱེད་མི་སྣའི་ཆབ་སྲིད་བསམ་བློའི་ཡིག་ཚགས་བཟོ་བའི་ཁྱབ་ཁོངས་སུ་གྲོང་ཁྱེར་དང་ཁུལ་གྱི་ཏང་སྲིད་ཚན་ཁག་གི་ཁོངས་མི་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཁོངས་གཏོགས་སྡེ་ཁག་སོ་སོའི་ཚན་ཁག་གི་ཁོངས་མི། ཞིང་ཆེན་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་མགོ་ཁྲིད་ཚན་ཁག་གི་ཁོངས་མིའི་ཁྲོད་ཀྱི་ཞིང་ཆེན་གྱིས་ཐད་ཀར་དོ་དམ་བྱེད་པའི་ཐིན་རིམ་པའི་ལས་བྱེད་མི་སྣ་བཅས་འདུས། ཆབ་སྲིད་བསམ་བློའི་ཡིག་ཚགས་དང་ཡིག་ཚགས་ཀྱི་ནང་དོན་གཙོ་བོ་ཆབ་སྲིད་ཀྱི་བློ་དཀར་དང་། ཆབ་སྲིད་ཀྱི་གཏན་ཤུགས། ཆབ་སྲིད་ནུས་པ། ཆབ་སྲིད་ཀྱི་རང་གཅུན་བཅས་ཕྱོགས་ལྔ་ཡོད་པ་རེད། སྟབས་བདེ་སྤྱོད་སླ་དང་གོ་ཆོད་དོན་གཉེར་གྱི་རྩ་དོན་གཞིར་བཟུང་ཏེ། གློག་རྡུལ་དང་ཡིག་ངོས་ཀྱི་རྣམ་པ་དང་ཟུང་དུ་སྦྲེལ་ནས། ཡིག་ཆ་འཚོལ་བསྡུ་དང་ཉར་ཚགས་ཀྱི་རྨང་གཞིའི་སྟེང་ལས་བྱེད་མི་སྣའི་ཆབ་སྲིད་བསམ་བློར་ཞིབ་འཇུག་དང་བརྡར་ཤ་བཅད་དེ། 《ལས་བྱེད་མི་སྣའི་ཆབ་སྲིད་བསམ་བློའི་ཡིག་ཚགས་བྱང་བུ》སྐོང་དགོས།

ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་སྲིད་བསམ་བློའི་ཡིག་ཚགས་ནང་འཁོད་པའི་ཆབ་སྲིད་ཀྱི་མཚོན་ཚུལ་གཙོ་བོ་ནི་དུས་རྒྱུན་གྱི་བྱ་བའི་ཁྲོད་ནས་རྟོག་ཞིབ་དང་ཤེས་རྟོགས་བྱ་རྒྱུ་དེ་རེད། ཕྱོགས་སོ་སོ་དང་ཟུར་མང་བ། ཐག་ཉེ་བ། དངོས་ཡོད་ཅན་དང་གཏིང་རིམ་ཅན་གྱི་རྗེས་འདེད་རྒྱུས་ལོན་དང་ཕྱོགས་སོ་སོའི་ཆ་འཕྲིན་གྱི“གཞི་གྲངས་ཆེན་པོའི”གཤིབ་བསྡུར་དབྱེ་ཞིབ་བྱས་པ་བརྒྱུད། ལས་བྱེད་པའི་ཆབ་སྲིད་བསམ་བློའི་མཚོན་ཚུལ་ཕྱོགས་བསྡུས་དང་གདམ་གསེས་བྱས་ཏེ། ཆབ་སྲིད་བསམ་བློའི་གདེང་འཇོག་གི་རྒྱུ་ཆ་གྲུབ་པར་བྱེད་པ་དང་། དེ་ནི་ལས་བྱེད་པའི་འཕྲལ་འདོན་ནང་མོལ་དང་། རྟོག་ཞིབ་དཔྱད་ཞིབ། གོ་གནས་བསྐོ་འཐེན། སྔོན་ཐོན་དཔྱད་འདེམས། གོ་གནས་རིམ་སྤོར། རྒྱུན་ལྡན་ལེགས་སྒྲིག་སོགས་ཀྱི་ལས་ཀའི་དཔྱད་གཞི་གལ་ཆེན་དུ་བརྩི་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།