མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཧྲིན་ཀྲང་ལིག་ཉིང་གི་གཙོ་སྐྱོང་འོག་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཁྱོན་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གསུམ་པ་དང་ཧྲའན་ཞི་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ནམ་མཛུབ་སྟོན་དང་། ཙུང་ལི་ལིས་ཁི་ཆང་གིས་ཞིང་ཆེན་དང་གྲོང་ཁྱེར་ཁག་ཅིག་གི་དཔལ་འབྱོར་གནས་བབ་བརྙན་འཕྲིན་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད། ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་བཀོད་སྒྲིག་བླང་བྱ་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ལས་དོན་གྱི་ལག་བསྟར་དོན་འཁྱོལ་ལ་ཞིབ་འཇུག་བྱས།  

ཚོགས་འདུས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་སྒྱུར་བཅོས་ཟབ་སྤེལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་ཏན་ཏིག་གིས་ཆབ་སྲིད་ཀྱི་འགན་འཁྲི་ཆེ་རུ་གཏོང་བ་དང་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་ཟབ་སྤེལ་བྱས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྒྱུར་བཅོས་ལས་འགན་དག་ཆད་ལུས་མེད་པར་དོན་འཁྱོལ་ཡག་པོ་བྱེད་དགོས། སྒྱུར་བཅོས་ཀྱི་བསམ་གཞིགས་ལ་ཤུགས་སྣོན་བརྒྱབ་ནས་ཟམ་མི་ཆད་པར་སྒྱུར་བཅོས་ཀྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་དུ་གཏོང་བ་དང་། སྒྱུར་བཅོས་ཀྱི་བྱེད་ཐབས་ལ་བརྟེན་ནས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱེད་མཁས་པོ་བྱས་ཏེ། སྒྱུར་བཅོས་དེ་བས་དོན་དངོས་དང་འཚམ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་དང་འཚམ་པ། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་མཐུན་པ་བཅས་བྱེད་དགོས། མ་མཐའི་བསམ་གཞིགས་རྒྱུན་འཁྱོངས་བྱས་ནས“བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང་། “འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱ་རྒྱུར་དམིགས་ཏེ་ཉེན་ཁ་འགོག་པ་དང་རྨང་གཞི་འདིང་བ། དམངས་འཚོར་ཕན་པ། ཕུགས་ཕན་རིང་བ་བཅས་ཀྱི་སྒྱུར་བཅོས་གཅིག་གྱུར་དམ་ཟབ་བྱས་ནས། གཙོ་གནད་ཁྱབ་ཁོངས་ལ་དམིགས་པ་དང་ཞན་ཆ་གསབ་པ། སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། མ་ལག་གཅིག་སྡུད་ལ་ཤུགས་སྣོན་རྒྱག་པ། སྤྱི་འདོམས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ། ལམ་ལུགས་འཛུགས་སྐྱོང་དང་བཅོས་སྐྱོང་གི་ཕན་ནུས་དེ་བས་ལེགས་པའི་ངང་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་བཅོས་སྐྱོང་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། 

ཚོགས་འདུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲའན་ཞི་རུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་ང་ཚོས་མིག་སྔའི་ལས་དོན་ཁག་སྔར་བས་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད་དེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཆེ་ཤོས་གསུམ”གྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་བྱས་ནས་སྔོ་དྭངས་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་ནན་ཏན་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས། བརྟན་བརླིང་དང་འཕེལ་རྒྱས་གཅིག་གྱུར་དང་། གསར་སྐྱེད་དང་ལེགས་གཏོང་གཅིག་གྱུར། ལས་ཕྱོད་དང་ཕན་འབྲས་གཅིག་གྱུར་བཅས་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཧུར་ཐག་གིས་རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་སེལ་ནས་ཐག་གཅོད་དམག་འཐབ་ཀྱི་དབུལ་ཐར་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་དམངས་འཚོའི་མཐའ་སྐྱོང་འགན་ལེན་ཏན་ཏིག་བྱེད་པ་དང་། དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་པའི་ཞབས་ཞུར་ཤུགས་སྣོན་རྒྱག་པ། མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་རྒྱུར་ཤུགས་སྣོན་རྒྱག་པ། དམངས་འཚོའི་བྱ་བ་དངོས་ཏན་ཏིག་སྒྲུབ་པ་བཅས་བྱེད་དགོས། 

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས། 

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ལི་ཅེ་ཞང་དང་། ཏང་ཙུའི་ཁོངས་མི་ཡན་ཅིན་ཧའེ། ཝང་ལི་མིང་། དབྱང་ཧྥུང་ཁྲུན། ཝང་ཀྲེང་ཧྲེང་། ཐེན་ཅིང་ཁྲེང་། ཀྲང་ལི། ལིའུ་ཐའོ། དབྱང་ཀྲི་ཝུན།ཀྲང་ཧོང་ཡོན་བཅས་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།