མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིིན་ཀྲང་ལིག་ཉིང་གི་གཙོ་སྐྱོང་འོག་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་འཚོགས་ཏེ། མ་འཇོག་རྣམ་གྲངས་ཀྱིཆད་རུང་བ་དང་ཁས་ལེན་ལམ་ལུགས”ཀྱི་ཞིབ་མཆན་སྒྱུར་བཅོས་ཚོད་ལྟ་དང་། སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིས་ཡུལ་དངོས་སློབ་ཁྲིད་སླར་གསོ་དང་བྱིས་སྐྱོང་ཁང་སྒོ་ཕྱེ་བ་སོགས་ཀྱི་གནད་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས། 

ཚོགས་འདུའི་ཐོག་བསྟན་དོན། “ཆད་རུང་བ་དང་ཁས་ལེན་ལམ་ལུགས”ཀྱི་ཞིབ་མཆན་སྒྱུར་བཅོས་ཚོད་ལྟའི་ལས་དོན་སྤེལ་རྒྱུ་ནི་མ་འཇོག་ཞིབ་མཆན་གྱི་ལས་ཕྱོད་སྔར་བས་ཇེ་ཆེར་གཏོང་བ་དང་ཚོང་གཉེར་ཁོར་ཡུག་སྔར་བས་ཇེ་ལེགས་སུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི“གློད་སྡོམ་ཞབས་གསུམ”བསྒྱུར་བཅོས་ཟབ་སྤེལ་བྱེད་པའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལྟར། མ་དངུལ་འཇོག་པར་“ཞིབ་མཆན་འཁྱག་གཏོར”གྱི་ལས་གཞིར་སྐུལ་འདེད་གཏིང་ཟབ་གཏོང་བར་དམིགས་ཤིང་། ཁེ་ལས་དང་མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་གཏོང་རྒྱུ་དེ་ཚད་གཞིར་བཟུང་སྟེ། “ཆད་རུང་བ་དང་ཁས་ལེན་ལམ་ལུགས”ཞིབ་མཆན་སྒྱུར་བཅོས་ཁྱབ་གདལ་གཏོང་བ་བརྒྱུད། ཧུར་ཐག་གིས་མ་འཇོག་རྣམ་གྲངས་ཀྱི་ཞིབ་མཆན་འགོད་པའི་འགྲོ་ལུགས་སྒྲུབ་སྟངས་གསར་གཏོད་བྱས་ནས་ཞིབ་མཆན་འགོད་པའི་དུས་ཚོད་སྔར་བས་ཇེ་ཐུང་དུ་གཏོབ་བ་དང་། ཞིབ་མཆན་འགོད་པའི་ལས་ཕྱོད་ཆེ་རུ་གཏོང་བ། མ་འཇོག་རྣམ་གྲངས་ཀྱི་ཞིབ་མཆན་འགོད་པའི་ཞབས་ཞུའི་ཕན་འབྲས་ཇེ་མཐོར་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་མཚོ་སྔོན་གྱི་ཚོང་གཉེར་ཁོར་ཡུག་དང་མ་འཇོག་ཁོར་ཡུག་ལེགས་གཏོང་གི“རིམ་སྤོར་པར་གཞི”ཧུར་ཐག་སྒོས་གཏོད་དགོས།

ཚོགས་འདུས་ནན་གྱིས་བསྟན་དོན། བུ་བཅོལ་ཁང་སྒོ་ཕྱེ་བའི་ལས་འགན་ལྕི་བ་དང་འགན་འཁྲི་ཆེ་ལ་དེར་སྤྱི་ཚོགས་ཀྱི་དོ་ཁུར་ཆེན་པོ་བྱེད་ཀྱིན་ཡོད། གནས་བབ་སྔར་བས་ཛ་དྲག་ཆེ་བར་བསམ་པ་དང་དཀའ་ངལ་ལ་སྔར་བས་གཟབ་དགོས་པར་བསམས་ནས་བདེན་པ་བདེན་དྲང་དང་། ནན་ལ་ནན་པོ། ཞིབ་ཅིང་ཕྲ་བའི་སྒོ་ནས་གྲ་སྒྲིག་གི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་གོ་རིམ་ལྡན་པའི་ངང་སྒོ་ཕྱེས་ནས། ནོར་འཕྱུགས་གཏན་ནས་མི་འབྱུང་བར་འགན་ལེན་བྱེད་དགོས། དུས་འགོའི་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭའི་སློབ་འགོ་ཚུགས་པའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་ཕྱོགས་སྡོམ་བྱས་ཏེ། མུ་མཐུད་དུ་ཁོངས་གཏོགས་ས་ཁུལ་དང་སྡེ་ཁག བུ་བཅོལ་ཁང་། དགེ་རྒན། ཁྱིམ་བདག་བཅས“འགན་འཁྲི་ལྔ”ཆེ་རུ་གཏོང་བ་དང་། མུ་མཐུད་དུ“གཟིགས་སྐྱོང་གསུམ”དང“མཉམ་ལས་གསུམ”གྱི་ལས་དོན་ཡག་པོར་སྒྲུབ་པ། མཉམ་འགོག་མཉམ་སྡོམ་དང་ཚང་མས་མཉམ་འགོག་གི་ལམ་སྲོལ་འཛུགས་པ། འགན་ལེན་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རིམས་ནད་སྔོན་འགོག་གི་དྲ་བ་ཁྱོན་ཡོངས་ནས་འཛུགས་དགོས། འབྲོག་ཁུལ་དང་ཞིང་ཁུལ། གྲོང་རྡལ། གྲོང་ཁྱེར་བཅས་ཀྱི་གོ་རིམ་ལྟར“རྫོང་རེར་ཐབས་ཇུས་རེ”དང“གླིང་རེར་གཏན་འབེབས་རེ”མཐའ་འཁྱོངས་བྱས་ཏེ། རྫོང་གིས་གཙོ་གཞི་བྱེད་པ་དང་གླིང་གིས་སྡེ་ཚན་བྱས་ཏེ་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བཏང་སྟེ། བྱིས་སྐྱོང་ཁང་སྒོ་ཕྱེ་བའི་ལས་དོན་བརྟན་བརླིང་ངང་ལེགས་པོར་བསྒྲུབ་དགོས། སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའི་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་སློབ་གསོ་གསོ་སྦྱོང་ཚད་ལྡན་དུ་གཏོང་བ་དང་། དམིགས་འབེན་ལྡན་པའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས་སུ་གོ་རིམ་ལྡན་ཞིང་བདེ་འཇགས་ཡོད་པའི་སྒོ་ནས་དྲ་ཕྱིའི་སློབ་ཁྲིད་བྱེད་སྒོ་སླར་གསོ་བྱེད་དགོས། 

ཚོགས་འདུས་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།