མཚོ་སྔོན་ཞིང་ཆེན་ཏང་ཨུ་ལྟེ་བའི་ཚོ་ཆུང་གིས་སློབ་སྦྱོང་ཚོགས་འདུ་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས29ཡི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལྟེ་བའི་ཚོ་ཆུང་གིས་སློབ་སྦྱོང་ཚོགས་འདུ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིག་ཉིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་སོགས་ཞིང་ཆེན་ཏང་ཨུའི་ལྟེ་བའི་ཚོ་ཆུང་གི་ཁོངས་མི་ཚོགས་འདུར་ཞུགས། ཚོགས་འདུས་ཆེད་དྲའི་བརྙན་ལམ་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་ཀྲུང་གོ་དབུལ་སྐྱོར་འཕེལ་རྒྱས་ལྟེ་གནས་ཀྱི་ཀྲུའུ་རེན་ཧོང་ཁྲེང་ཝུའེ་གདན་དྲངས་ནས“ཞི་ཅིན་ཕིང་གི་དབུལ་སྐྱོར་རྣམ་བཤད་ཀྱི་རིག་གཞུང་ལེགས་སྐྱེས་དང་ལོ་རྒྱུས་འཛམ་གླིང་དོན་སྙིང”ཞེས་པའི་ཆེད་དོན་ཟུར་ཁྲིད་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཡུས་ཚུང་ལེ་ཡིས་སློབ་སྦྱོང་ཚོགས་འདུར་གཙོ་སྐྱོང་གནང་། 

ཧོང་ཁྲེང་ཝུའེ་ཡིས་མར་ཁེ་སི་རིང་ལུགས་ཀྱི་གསུང་རབ་རྩོམ་པ་པོས་དབུལ་ཕོངས་ལ་ངོ་རྒོལ་བྱེད་པའི་སྐོར་གྱི་རིག་གཞུང་ལྟ་བ་དང་། ཞི་ཅིན་ཕིང་གིས་དབུལ་ཕོངས་ལ་ངོ་རྒོལ་བྱེད་པའི་རིག་གཞུང་གིས་མར་ཁེ་སི་རིང་ལུགས་ཀྱི་དབུལ་ཕོངས་ལ་ངོ་རྒོལ་རིག་གཞུང་གི་ལྟ་བའི་ཐད་ཀྱི་ཐོག་མའི་གསར་གཏོད་རང་བཞིན་གྱི་ལེགས་སྐྱེས། ཞི་ཅིན་ཕིང་གི་དབུལ་སྐྱོར་རྣམ་བཤད་ཀྱི་ལོ་རྒྱུས་འཛམ་གླིང་དོན་སྙིང་། ཞི་ཅིན་ཕིང་གི་དབུལ་སྐྱོར་རྣམ་བཤད་ཀྱི་ཁྲིད་སྟོན་འོག2020ལོའི་རྗེས་ཀྱི་དབུལ་སྐྱོར་འཐབ་ཇུས་ལ་ཞིབ་འཇུག་བྱེད་པའི་བསམ་གཞིག་འགའ་བཅས་ཕྱོགས་བཞི་ནས་རང་རྒྱལ་གྱི་དབུལ་ཐར་འགག་སྒྲོལ་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་འགག་སྒྲོལ་གྱི“མཐའ་འཁྱོངས་དྲུག”གི་དབུལ་ཕོངས་ལ་ངོ་རྒོལ་བྱེད་པའི་རིག་གཞུང་སྐོར་གྱི་བསམ་བློའི་མ་ལག་ལ་གོ་བདེ་བའི་ངང་འགྲེལ་བཤད་དང་སློབ་ཁྲིད་གནང་བ་རེད། ཚོགས་ཞུགས་བློ་མཐུན་ཚོར་སྙན་ཞུའི་ཆབ་སྲིད་ཀྱི་ལངས་གནས་མཐོ་བ་དང་རིག་གཞུང་འཆད་འགྲེལ་གཏིང་ཟབ་པ། དོན་དངོས་དང་འབྲེལ་བ་དམ་པ་བཅས་ཀྱིས་སློབ་གསོ་ཐོབ་པ་དང་སྐུལ་མ་ཆེན་པོ་ཐེབས་ཡོད། 

ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་གྱིས་ཀྲུང་གོས་དབུལ་ཕོངས་གནད་དོན་ཐག་བཅད་པ་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱུང་བ་བཅས་ལ་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད་ཅིང་། འཛམ་གླིང་གིས་དབུལ་ཕོངས་ལ་ངོ་རྒོལ་བྱེད་པའི་བྱ་གཞག་འཕེལ་རྒྱས་ལ་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཤིང་ཀྲུང་གོའི་བློ་གྲོས་ཀྱི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས། 

ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཨུ་ལྷན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་ཨུ་ཁག ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་སྡེ་ཁག་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཀྱི་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་དང་སློབ་གྲྭ། ཟི་ལིང་དུ་ཡོད་པའི་ཞིང་ཆེན་གྱིས་དོ་དམ་འོག་གི་ཁེ་ལས། མཚོ་སྔོན་དུ་བཅའ་སྡོད་བྱེད་པའི་ཀྲུང་དབྱང་གི་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་སློབ་སྦྱོང་ཚོགས་འདུར་ཞུགས། ། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།