སུན་ཞའོ་ལིན་ལ་སྐབས24པའི་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཐོབ་པ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ4པའི་ཚེས28ཉིན། སྐབས24པའི“ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”དཔྱད་འདེམས་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གཞོན་ནུ་བཟང་པོ་སྟེ། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ནད་གཞི་ཚབས་ཆེན་ཆེད་ཚན་གྱི་ནད་གཡོག་དཔོན་དང་གཙོ་གཉེར་ནད་གཡོག་པ་སུན་ཞའོ་ལིན་ལ་གཟི་བརྗིད་མཚན་སྙན་ཐོབ། ཆིང་ཧྭ་སློབ་ཆེན་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པའི་མཚོ་སྔོན་ཧོང་ཀྲུང་རྫོང་ཡན་ལག་རུ་ཁག་ལ་སྐབས24པའི“ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཀྱི་ཐུན་མོང་བྱ་དགའི”གཟི་བརྗིད་མཚན་སྙན་བཅས་ཐོབ་པ་རེད།

ལྔ་བཞི་གཞོན་ནུའི་དུས་ཆེན་ཐོན་ལ་ཉེ་སྐབས། གུང་གཞོན་ཚོགས་པ་ཀྲུང་དབྱང་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཐུན་མོང་སྒོས་སྐབས24པའི“ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”གནང་ནས་གཞོན་ནུའི་ཁྲོད་ཀྱི་ཕུལ་བྱུང་དཔེ་མཚོན་དང་དཔེ་བཟང་འཐུས་མིར་གཟེངས་བསྟོད་བྱས་པ་དང་། གཞོན་ནུ60ལ་སྐབས24པའི“ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”དང་། གཞོན་ནུའི་ཐུན་མོང34ལ་སྐབས་24པའི“ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཀྱི་ཐུན་མོང་བྱ་དགའ”བཅས་གནང་བ་དང་། གཞོན་ནུ34ལ་སྐབས24པའི“ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”རྗེས་སྤྲོད་བྱས་པ་རེད།

 སྐབས24པའི“ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”ཐོབ་པའི་སུན་ཞའོ་ལིན་ནི་རྒྱལ་ཁབ་རིམ་པའི་ནད་གཞི་ཚབས་ཆེན་ཆེད་ཚན་གྱི་སྨན་གཡོག་ཡིན་པ་མ་ཟད། ཀྲུང་ཧྭ་ནད་སྐྱོང་སློབ་ཚོགས་སྐབས་ཉེར་བརྒྱད་པའི་ལས་འཛིན་ལྷན་ཚོགས་ཀྱི་ནད་གཞི་ཚབས་ཆེན་ནད་སྐྱོང་ཆེད་ལས་ཨུ་ལྷན་གྱི་གཞོན་ནུའི་ཨུ་ཡོན་དང་། ཀྲུང་གོའི་ནད་ལུགས་སྐྱེ་ལུགས་སློབ་ཚོགས་ཀྱི་ནད་གཞི་ཚབས་ཆེན་གསོ་རིག་ཆེད་ལས་ཨུ་ལྷན་གྱི་ནད་སྐྱོང་ཚན་ཁག་གི་ཨུ་ཡོན། ཀྲུང་གོའི་ཞིབ་འཇུག་རང་བཞིན་སྨན་ཁང་གི་སློབ་ཚོགས་ཀྱི་ནད་གཞི་ཚབས་ཆེན་གསོ་རིག་ཆེད་ལས་ཨུ་ལྷན་གྱི་ནད་སྐྱོང་ཚན་ཁག་གི་ཨུ་ཡོན། མཚོ་སྔོན་ཞིང་ཆེན་ནད་སྐྱོང་སློབ་ཚོགས་ཀྱི་ནད་གཞི་ཚབས་ཆེན་ལྟ་སྐྱོང་དང་ནད་སྐྱོང་ཆེད་ལས་ཨུ་ལྷན་གྱི་ཨུ་ཡོན་བཅས་ཀྱི་འགན་བཞེས་ཡོད། 2007ལོར་བྱ་བ་ཞུགས་པ་ནས་ད་ལྟའི་བར། མོས་སྤྱིར་བཏང་གི་ནད་གཡོག་ལས་དོན་ཁྲོད་ཐོག་མཐའ་བར་གསུམ་དུ་ནན་ཏིང་ཀེར་གྱི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ། ཐེངས་མང་པོར་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གི“སྔོན་ཐོན་མི་སྒེར”དང“ཕུལ་བྱུང་ནད་གཡོག་དཔོན”གྱི་གཟི་བརྗིད་མཚན་སྙན་ཐོབ།

སྐབས24པའི“ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཐུན་མོང་བྱ་དགའ”ཐོབ་པའི་ཆིང་ཧྭ་སློབ་ཆེན་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པའི་མཚོ་སྔོན་ཧོང་ཀྲུང་རྫོང་ཡན་ལག་རུ་ཁག་གི་གཏམ་རྒྱུད་དེ1999ལོ་ནས་བཟུང་བཤད་འགོ་བརྩམས་དགོས་ལ། ལོ་དེར་ཆིང་ཧྭ་སློབ་ཆེན་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པས་གུང་གཞོན་ཚོགས་པ་ཀྲུང་དབྱང་དང་སློབ་གསོ་པུའི་འབོད་སྐུལ་དང་ལེན་བྱས་ཏེ། བསྟུད་མར་ལོ20རིང་ལ་དང་བླངས་པ་མངགས་ཏེ་རང་ཞིང་དུ་སློབ་སྐྱོར་བྱས། 2006ལོ་ནས་བཟུང་ཆིང་ཧྭ་སློབ་ཆེན་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པ་མཚོ་སྔོན་ཧོང་ཀྲུང་རྫོང་ཡན་ལག་རུ་ཁག་བཙུགས་ནས་ཧོང་ཀྲུང་རྫོང་སློབ་འབྲིང་དང་པོ་ནས་གཞི་ཚུགས་ནས“དྲོད་ཁོལ་ལྡན་པའི་སློབ་གསོ་སྒྲུབ་ནས། ཕན་ནུས་ཆེ་བའི་སྤྱི་ཕན་སྒྲུབ་པ”རྒྱུན་འཁྱོངས་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་ཐད་ཁོ་ཚོས་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ།   །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།