མཚོ་སྔོན་ཞིང་ཆེན་གྱི་ནར་མ་སོན་པའི་བྱིས་པ་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་(རྒྱ་བསྐྱེད་)གྲོས་ཚོགས་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་གྱི་ནར་མ་སོན་པའི་བྱིས་པ་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཟི་ལིང་དུ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། རྒྱུན་ལས་ཧྲིན་ཀྲང་གཞོན་པ། ཞིང་ཆེན་ནར་མ་སོན་པའི་བྱིས་པ་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལིས་ཅེ་ཞང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་ཞིང་། ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དང་ཞིང་ཆེན་ནར་མ་སོན་པའི་བྱིས་པ་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཀྲང་ལིས་ཀྱིས་རྗེས་ཕྱོགས་ཀྱི་ལས་དོན་ཐད་བླང་བྱ་བཏོན་པ་དང་། ཞིང་ཆེན་མི་རབས་རྗེས་མར་ཐུགས་འཁུར་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཞིང་ཆེན་ནར་མ་སོན་པའི་བྱིས་པ་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་སུའུ་ཉིན་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

གྲོས་ཚོགས་སྟེང་། 2019ལོའི་ནར་མ་སོན་པའི་པའི་བྱིས་པ་སྲུང་སྐྱོང་ལས་དོན་བརྡ་ཁྱབ་བཏང་བ་དང་། ཁོངས་གཏོགས་ཚན་པ་དང་ས་ཁུལ་ཁག་གཅིག་གི་བྱ་བའི་འགན་བསྒྲུབས་ཞུ་འབུལ་དང་ཉམས་མྱོང་བརྗེ་རེས་ཀྱི་གཏམ་བཤད་ལ་གསན་པ་མ་ཟད། 2020ལོའི་ནར་མ་སོན་པའི་པའི་བྱིས་པའི་སྲུང་སྐྱོང་ལས་དོན་ཐད་བཀོད་སྒྲིག་ཀྱང་གནང་བ་རེད། གྲོས་ཚོགས་སྟེང་། 2019ལོར་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གིས་ནར་མ་སོན་པའི་པའི་བྱིས་པ་སྲུང་སྐྱོང་རྩ་འཛུགས་ཀྱིས《ནར་མ་སོན་པའི་བྱིས་པ་སྲུང་སྐྱོང་བཅའ་ཁྲིམས》ལག་བསྟར་བྱ་རྒྱུ་གཙོ་རྐང་དུ་བྱས་ཏེ་རང་འགན་གཙང་སྒྲུབ་དང་ཞབས་ཞུའི་དོ་དམ་ལ་ཤུགས་བསྣན་ཏེ་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་བྱུང་ཡོད། 2020ལོར་ཞིང་ཆེན་ཡོངས་ཀྱི་ནར་མ་སོན་པའི་བྱིས་པའི་ལས་དོན་ཐད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་། ནན་ཏན་གྱིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དོན་འཁྱོལ་བྱེད་པ། དམིགས་ཚད་དང་ལས་འགན་ལ་དམིགས་པ། བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ཁོར་ཡུག་བཟང་པོ་གཏོད་པ་བཅས་ཀྱི་ཐད་ནུས་ཤུགས་འདོན་པ་དང་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་པའི་ཐད་སླར་ཡང་ཤུགས་རྒྱག་པ། མཉམ་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་ལེན་པ་བཅས་ཀྱི་ཐད་བླང་བྱ་བཏོན་པ་རེད།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱ་ཆེའི་ལོ་ཆུང་བྱིས་པའི་ཕུགས་བསམ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བར་སློབ་གསོའི་ཁྲིད་སྟོན་བྱས་ཏེ་རང་རྟོགས་ཀྱིས་རྒྱལ་ཁབ་ལ་དགའ་བའི་བརྩེ་སེམས་དང་། རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་ཕུགས་འདུན། རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བྱ་སྤྱོད་བཅས་ཀྱི་སྟེང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཁྲོད་མཉམ་འདྲེས་ཐུབ་པ་བྱེད་དགོས་པ་དང་། དཀའ་ངལ་ཡོད་པའི་ནར་མ་སོན་པའི་བྱིས་པའི་ཚོགས་པ་སྤྱི་ལ་གཅེས་སྐྱོང་དང་རོགས་སྐྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གཞིས་སྲུང་བྱིས་པ་དང་དཀའ་ངལ་ཡོད་པའི་བྱིས་པའི་གཞི་རྩའི་ཁེ་དབང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཏེ། རྨང་གཞིའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་འབྲེལ་མཐུད་ནུས་ལྡན་དང་། བཅོས་སྐྱོང་ནུས་ལྡན། འགན་སྲུང་གནད་ལ་འཁེལ་བ་བཅས་ཀྱི་དོ་དམ་སྲུང་སྐྱོང་མ་ལག་མགྱོགས་མྱུར་གྱིས་ཆགས་པ་བྱེད་དགོས་པར་གསུངས། །  

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།