རྩེ་ཁོག་རྫོང་གིས་རྣམ་གྲངས་གལ་ཆེན་གཅིག་བསྡུས་ཀྱིས་ལས་འགོ་བསྐྱར་ཚུགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས22ཉིན་གྱི་ཕྱི་དྲོར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས2020ལོའི་རྣམ་གྲངས་གལ་ཆེན་གཅིག་བསྡུས་ཀྱིས་ལས་འགོ་བསྐྱར་ཚུགས་ཀྱི་མཛད་སྒོ་འཚོགས། རྩེ་ཁོག་རྫོང་གིས་རྣམ་གྲངས་གཅིག་བསྡུས་ཀྱིས་ལས་འགོ་བསྐྱར་ཚུགས་ཐུབ་པར་བརྩོན་ལེན་བྱས་ཏེ། ད་ལོའི་ལས་གཞི་སོ་སོའི་འགོ་ཡག་པོ་ཞིག་བརྩམས་པ་རེད། ཤེས་གསལ་ལྟར་ན། ད་ལོར་རྩེ་ཁོག་རྫོང་གིས་བསྡོམས་པས་རྣམ་གྲངས་གསར་པ་དང་མཇུག་མཐུད་རྣམ་གྲངས143ལག་བསྟར་བྱས་ཏེ། ཁྱོན་མ་དངུལ་དུང་ཕྱུར19.7བཏང་སྟེ། རྣམ་གྲངས་དེ་དག་རྨང་གཞིའི་སྒྲིག་བཀོད་དང་ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོང་། སྤྱི་ཚོགས་དམངས་འཚོ་སོགས་ཀྱི་ཁྱབ་ཁོངས་མང་པོར་འབྲེལ་ཡོད་པ་རེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།