དབྱར་རྩྭ་དགུན་འབུ་བརྐོ་མི་ཆོག་པའི་བརྡ་ཐོ།
མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བྱ་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》སོགས་འབྲེལ་ཡོད་ཁྲིམས་སྲོལ་དང་ས་ཁོངས་དེ་གའི་རྩྭ་སའི་སྐྱེ་ཁམས་ཁོར་ཡུག་གི་ད་ལྟའི་གནས་ཚུལ་ལ་གཞིགས་ནས། རྐང་ཚ་རྫོང་མི་དམངས་སྲིད་གཞུང་གིས་རྐང་ཚ་རྫོང་གི་མངའ་ཁོངས་སུ་ཕྱི་ནས་ཡོང་བའི་དབྱར་རྩྭ་བརྐོ་མཁན་ཕྱོགས་ཡོངས་ནས་གཏན་འགོག་བྱ་རྒྱུ་གཏན་ལ་ཕབ། བཀག་སྡོམ་བསླབ་བྱར་མ་ཉན་པར་རྐང་ཚ་རྫོང་གི་མངའ་ཁོངས་སུ་དབྱར་རྩྭ་བརྐོ་མཁན་བྱུང་ན་མཇུག་འབྲས་ཚང་མ་རང་གིས་འགན་འཁུར་དགོས། ཁྲོམ་ར་ནས་ལས་མི་བཙལ་ཏེ་རྐང་ཚ་རྫོང་ཁོངས་སུ་དབྱར་རྩྭ་བརྐོ་བའི་སྣང་ཚུལ་ཚང་མ་མགོ་སྐོར་གཏོང་བའི་བྱ་སྤྱོད་ཡིན་པས། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཆད་པ་གཅོད་རྒྱུ་ཡིན།
ཆེད་དུ་བརྡ་ཐོ་བཏང་།
རྐང་ཚ་རྫོང་མི་དམངས་སྲིད་གཞུང་།
2020ལོའི་ཟླ4པའི་ཚེས25ཉིན།
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
རྐང་ཚ་རྫོང་གིས་དབྱར་རྩྭ་དགུན་འབུ་བརྐོ་མི་ཆོག་པའི་བརྡ་ཐོ་བཏང་།