མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱིས་ཁེ་ལས་ཀྱི་དུས་ཚིགས་དང་པོའི་གཟིགས་སྐྱོང་དངུལ་བུན་ལ་ནོར་སྲིད་ནས་སྐྱེད་ཀ་སྤྲོད་རྒྱུར་གཙོ་གནད་འགན་ལེན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གློ་ཚད་ཀྱི་རིམས་ནད་གསར་པ་ཐོན་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པའི་གཙོ་གནད་འགན་ལེན་ཁེ་ལས་ཀྱི་མ་དངུལ་རྒྱབ་སྐྱོར་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཏོན་པའི་བྱ་ཐབས27དང་ཁ་གསབ་གཏན་འབེབས22ལ་དམ་པོར་དམིགས་ཏེ་འཕྲལ་མ་ཉིད་དུ་དང་ལེན་ཞུས་པ་དང་། དོན་འཁྱོལ་བྱ་ཐབས་ཞིབ་ཕྲ་བཟོས་ནས། རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་འགན་ལེན་ཁེ་ལས་ཀྱི་ཆེད་དོན་དངུལ་བུན་བསྐྱར་མའི་ཀྲུང་དབྱང་ནོར་སྲིད་ཀྱིས་སྐྱེད་གསབ་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་པ་མ་ཟད། ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་འགན་ལེན་ཁེ་ལས5ཡི་དུས་ཚིགས་དང་པོའི་ཀྲུང་དབྱང་ནོར་སྲིད་ཀྱི་སྐྱེད་གསབ་མ་དངུལ་སྒོར་ཁྲི13ཚང་མ་དོན་འཁྱོལ་བྱས་པ་རེད།

ཞིང་ཆེན་ནོར་སྲིད་ཀྱིས་དངུལ་རྩའི་ཞབས་ཞུར་རྒྱབ་སྐྱོར་དང་གཙོ་གནད་འགན་ལེན་ཁེ་ལས་ཀྱི་ཡིད་རྟོན་དངུལ་བུན་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་སྲིད་ཇུས་སྔ་རྗེས་སུ་བཟོས་པ་དང་། རྒྱལ་ཡོངས་རང་བཞིན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་འགན་ལེན་ཁེ་ལས་ཀྱི་མི་དམངས་དངུལ་ཁང་ལ་ཆེད་དོན་དངུལ་བུན་བསྐྱར་མ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། དངོས་ཡོད་སྐྱེད་ཚད་ཀྱི50%ལྟར་ཀྲུང་དབྱང་ནོར་སྲིད་ལ་སྐྱེད་གསབ་སྤྲོད་པའི་སྲིད་ཇུས་གཞིར་བཟུང་ནས་ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ཡོད།

ཞིང་ཆེན་ནོར་སྲིད་ཐིན་གྱིས་མི་དམངས་དངུལ་ཁང་ཟི་ལིང་ལྟེ་བའི་ཡན་ལག་དངུལ་ཁང་དང་མཉམ་དུ་ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་འགན་ལེན་ཁེ་ལས་ཀྱི་ཀྲུང་དབྱང་གི་ཆེད་དམིགས་དངུལ་བུན་བསྐྱར་གཏོང་གི་རྒྱབ་སྐྱོར་འོག་གཟིགས་སྐྱོང་སྐྱེད་ཚད་དངུལ་བུན་གྱི་དུས་ཚིགས་དང་པོའི་སྐྱེད་གསབ་མ་དངུལ་ཞིབ་བཤེར་ལས་དོན་སྤེལ་བ་དང་འབྲེལ་ཞིབ་བཤེར་གཏན་འབེབས་བྱས་འབྲས་གཞིར་བཟུང་མགྱོགས་མྱུར་གཏོང་སྤྲོད་བྱས་པ་དང་། ཟླ་བཞི་པའི་ཟླ་དཀྱིལ་བར་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་འགན་ལེན་ཁེ་ལས5ཡི་གན་རྒྱའི་རྣམ་གྲངས16ཁྲོད་ཀྱི་གཟིགས་སྐྱོང་སྐྱེད་ཚད་དངུལ་བུན15བཏང་བ་དང་། དངུལ་བུན་གྱི་དངུལ་འབོར་སྒོར་ཁྲི13750ཟིན་པའི་ཀྲུང་དབྱང་ནོར་སྲིད་ཀྱི་སྐྱེད་གསབ་མ་དངུལ་སྒོར་ཁྲི13ལྷག་ཙམ་ཚང་མ་གཏོང་སྤྲོད་བྱས་པ་དང་ཚང་མ་རྩིས་སྤྲོད་བྱས་ཡོད། །

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།