མཚོ་སྔོན་གྱི“ཆུས་གསུམ་དང་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྐྱོར་དངུལ་བུན་འཕར་ཚད26.42%ཟིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས24ཉིན་གསར་འགོད་པས་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་(གཤམ་དུ“ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་དངུལ་ཁང་ཡོངས་ཀྱི་དབུལ་སྐྱོར་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར169.63ཟིན་པ་དེས་དངུལ་བུན་ཁག་གི་ལྷག་གྲངས40.03%བཟུང་བའི་ནང“ཆུས་གསུམ་དང་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྐྱོར་དངུལ་བུན་འཕར་ཚད26.42%ཟིན་ནས་དབུལ་སྐྱོར་དངུལ་བུན་འགྲེམ་གཏོང་དེ་སྒྲིག་གཞི་ཡོངས་སུ་ཁྱབ་ཡོད་པ་རེད། 

ཉེ་བའི་ལོ་འགའི་རིང་། ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གིས“ཆུས་གསུམ་དང་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་དང་ཐོན་ལས་དབུལ་སྐྱོར་འཕེལ་རྒྱས་ལ་དམིགས་ཏེ་དངུལ་རྩའི་དབུལ་སྐྱོར་ཁྲོད་ཀྱི་ཞིང་ལས་སྲིད་ཇུས་རང་བཞིན་གྱི་དངུལ་ཁང་གི་རྐང་འཛིན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད། 2019ལོར་དངུལ་ཁང་ཡོངས་ཀྱི་དབུལ་སྐྱོར་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར169.63ཟིན་པ་དེས་དངུལ་བུན་ཁག་གི་ལྷག་གྲངས40.03%བཟུང་བ་དང“ཆུས་གསུམ་དང་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྐྱོར་དངུལ་བུན་འཕར་ཚད26.42%ཟིན་པ་དང་། ཐོན་ལས་དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར23.71བཏང་ནས་དབུལ་སྐྱོར་དངུལ་བུན་འགྲེམ་གཏོང་དེ་སྒྲིག་གཞི་ཡོངས་ལ་ཁྱབ་ཡོད། 

ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2020ལོར་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་ཁྱབ་ཁོངས་ཀྱི་ཆེད་དོན་བྱ་སྤྱོད་དང་དབུལ་ཐར་མཁྲེགས་གཏོར་གྱི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཟུང་འབྲེལ་བྱས་ཏེ་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲིར་རོགས་རམ་བྱེད་པའི”གནད་སྨིན་དབུལ་སྐྱོར་བྱ་སྤྱོད་གཏིང་ཟབ་སྤེལ་རྒྱུ་ཡིན་པ་རེད། ཧེ་བག་ཅན་གྱི་རོགས་སྐྱོར་སྲིད་ཇུས་ཡག་པོ་སྤྱོད་པ་དང་། དམིགས་བསལ་གྱི་དངུལ་རྩའི་ཐོན་རྫས་བེད་སྤྱོད་ཡག་པོ་བྱེད་པ། དངུལ་བུན་བསྐྱི་བའི་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ། དངུལ་བུན་བསྐྱི་བའི་མྱུར་ཚད་མགྱོགས་སུ་གཏོང་བ། བར་མའི་ལས་སྒོའི་འགྲོ་ལུགས་གྲོན་དངུལ་རྩ་ཆག་གཏོང་བ། ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་ཁྱོན་ཡོངས་ནས་དམའ་རུ་གཏོང་བ་བཅས་བྱེད་དགོས། “ཆུས་གསུམ་དང་ཁུལ་གསུམ”གྱི་འབྲེལ་ཡོད་ཁྱབ་ཁོངས་འཕེལ་རྒྱས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ནས་ཀུན་ཕན་ཁེ་ལས་ཆུང་གྲས་སོགས་ལ་གཙོ་གནད་ཐོག་རམ་འདེགས་ཧུར་ཐག་བྱས་ཏེ་འཛད་སྤྱོད་དབུལ་སྐྱོར་དང་དབུལ་སྐྱོར་སློབ་སྐྱོར་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། “ཆུས་གསུམ་དང་ཁུལ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དྲ་རྒྱའི་དབུལ་སྐྱོར་དང་། ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་འཕེལ་རྒྱས། ཟོག་འགྲེམས་མ་ལག་འཛུགས་སྐྲུན་སོགས་ལ་རྒྱབ་སྐྱོར་བྱེད་པ། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཞིང་ཞོར་ཐོན་རྫས་ཉོ་སྒྲུབ་དང་ཕྱིར་ཚོང་ལ་རོགས་རམ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་དབུལ་སྐྱོར་སློབ་སྐྱོར་བྱེད་སྒོ་མུ་མཐུད་སྤེལ་བ་བཅས་བྱེད་དགོས། 

དེ་དང་ཆབས་ཅིག་ཏུ་དངུལ་ཁང་དེས་དབུལ་སྐྱོར་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་ཕྱོགས་བསྡུས་བེད་སྤྱོད་བྱས་ནས་སློབ་གསོའི་དབུལ་སྐྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད། དབུལ་བའི་ས་ཁུལ་གྱི་ཤང་དང་གྲོང་རྡལ་གྱི་བཅའ་སྡོད་སློབ་གྲྭ་དང་གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ་འཛུགས་སྐྲུན་ཤུགས་ཆེན་བྱེད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སློབ་གྲྭའི་འཛིན་གྲྭའི་གྲངས་ཚད་མང་བའི་གནད་དོན་དང་གྲོང་གསེབ་ཀྱི་སློབ་གྲྭའི་སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་མེད་པར་བཟོ་དགོས། ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གསོའི་ཤར་ནུབ་རྒྱུད་ཀྱི་རོགས་ལས་བྱ་སྤྱོད་དང་སྦྲེལ་མཐུད་ཧུར་ཐག་བྱས་ནས་འབྲིང་རིམ་ལས་རིགས་སློབ་གྲྭ(ལག་རྩལ་སློབ་གྲྭ་ཚུད་པ)འཛུགས་སྐྲུན་བྱ་རྒྱུར་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་པ། བདེ་ཐང་དབུལ་སྐྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། 

གཞན་ཡང་། དངུལ་ཁང་དེས་རྨང་གཞིའི་སྒྲིག་བཀོད་ཀྱི་དབུལ་སྐྱོར་ཐོན་རྫས“སྡེབ་སྒྲིག”གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ས་ཁུལ་དབུལ་པོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མུ་མཐུད་གསབ་རྒྱུར་ཤུགས་སྣོན་རྒྱག་པ་དང་། འབྲི་ཆུ་དང་རྨ་ཆུའི་རྒྱལ་ཁབ་ཀྱི་འཐབ་ཇུས་ནང་མཉམ་འདྲེས་གཏིང་ཟབ་བྱེད་པ། ས་ཁུལ་དབུལ་པོའི་ཆུ་བེད་འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་ཐོག་ནས་རྨ་ཆུ་ཅི་ཉིང་དུ་འདྲེན་པ་དང་། ཞུས་ཅི་ཆུ་རགས། ན་ལིང་ཀེ་ལེ་གཙང་པོ་སོགས་ཆུ་བེད་འཛུགས་སྐྲུན་རྣམ་གྲངས་ཡག་པོ་བསྒྲུབ་རྒྱུ་དང་། གྲོང་གསེབ་ཀྱི་བཙོག་ཆུ་དང་གད་སྙིགས་བཅོས་སྐྱོང་དང་གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་བ་སོགས་མི་སྡོད་ཁོར་ཡུག་གི་གཙོ་གནད་ཁྱབ་ཁོངས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་རོང་འབྲོག་ཁུལ་གྱི་ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཞིང་ཆེན་གཏོད་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། རྒྱལ་ཁབ་ཀྱིས་ལག་བསྟར་བྱས་པའི་སྐྱེ་ཁམས་འཛུགས་སྐྲུན་གྱི་དབུལ་སྐྱོར་ལས་གཞི་གལ་ཆེན་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ། ལྗང་མདོག་དངུལ་རྩ་འཕེལ་རྒྱས་ཧུར་ཐག་གཏོང་བ། གད་སྙིགས་ཐོན་ཁུངས་ཅན་དུ་བེད་སྤྱོད་དང་གནོད་མེད་ཅན་དུ་བསྒྱུར་བའི་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུར་རོགས་རམ་བྱེད་དགོས།  །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།