མཚོ་སྔོན་ཚྭ་ཁ་ཚྭ་མཚེའུ་མཛེས་ལྗོངས་ཁུལ་གྱི་སྒོ་ཕྱེས་པ།

W020200427527155764067.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས26ཉིན།  “ནམ་མཁའི་མེ་ལོང”གི་མཚན་སྙན་ལྡན་པའིA4རིམ་པའི་མཛེས་ལྗོངས་ཁུལ་སྟེ་ཚྭ་ཁ་ཚྭ་མཚེའུ་མཛེས་ལྗོངས་ཁུལ་གྱི་སྒོ་དངོས་སུ་ཕྱེས་པ་རེད། མཛེས་ལྗོངས་ཁུལ་གྱིས་ཟླ4པའི་ཚེས26ཉིན་ནས་ཟླ6པའི་ཚེས30ཉིན་བར་རྒྱལ་ཡོངས་ཀྱི་ཡུལ་སྐོར་བར་སྤ་སེ་མི་དགོས་པར་ལྟ་སྐོར་བྱེད་དུ་འཇུག་རྒྱུ་རེད།

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚྭ་ཁ་ཚྭ་མཚེའུ་རིག་གནས་ཡུལ་སྐོར་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་སི་ནས་རྒྱུས་ལོན་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཁྲོམ་རར་ཡང་བསྐྱར་གསོན་ཤུགས་རྒྱས་པར་བྱེད་པ་དང་རྒྱལ་ཡོངས་ཀྱི“ལྡོག་སྐྱོད་པ”ཡག་ཤོས་ལ་བླ་མེད་གུས་འདུད་ཞུ་ཆེད། 2020ལོར་ཚྭ་ཁ་ཚྭ་མཚེའུ་མཛེས་ལྗོངས་ཁུལ་གྱིས་རྒྱལ་ཡོངས་ཀྱི་སྨན་དོན་མི་སྣ་དང་། ཧུའུ་པེའི་ཡུལ་སྐོར་བ། མཚོ་སྔོན་གྱི་ཡུལ་སྐོར་བ། ཆེད་ཚན་སློབ་གྲྭ་ཆེ་འབྲིང་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་གྲྭར་ཡོད་པའི་སློབ་མར་སྤ་སེ་མི་དགོས་པ་བྱ་རྒྱུ་རེད། 

W020200427527155992791.jpg

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི2020ལོའི་ཚྭ་ཁ་ཚྭ་མཚེའུ་མཛེས་ལྗོངས་ཁུལ་གྱི་སྤ་སེའི་གཟིགས་སྐྱོང་སྲིད་ཇུས་ནང་ད་དུང་ཐེམ་ཁུངས་ཧུའུ་པེ་ཡི་སྨན་དོན་མི་སྣ་དང་། མཚོ་སྔོན་ཞིང་ཆེན་གྱིས་ཝུའུ་ཧན་དུ་རོགས་སྐྱོར་བྱེད་མཁན་སྨན་དོན་མི་སྣའི་ཁྱིམ་མི་གཉིས་ལ་སྤ་སེ་མི་དགོས་པ་དང་། ཟླ7པའི་ཚེས1ཉིན་ནས་བཟུང་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་དུས་ཆེན་དང་གུང་གསེང་དང་སྤྱི་པའི་ངལ་གསོའི་ཉིན་མོའི་སྤ་སེ་ལ་ལོ་ཧྲིལ་པོར་རིན་གོང་ཕྱེད་ཀ་གཅོག་པའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ་བཅས་འདུས་ཡོད།

W020200427527160111368.jpg

ཤེས་རྟོགས་བྱུང་བར་གཞིགས་ན། ཟླ5པའི་ཚེས1ཉིན་ཚྭ་ཁ་ཚྭ་མཚེའུ་མཛེས་ལྗོངས་ཁུལ་གྱིས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་དང་མཉམ་དུ“རིན་མི་དགོས་པར་མེ་འཁོར་ལ་བསྡད་དེ་ཚྭ་ཁར་ཡུལ་སྐོར་བྱེད་པའི”བྱེད་སྒོ་འདོན་རྒྱུ་ཡིན་པ་དང་། ཟི་ལིང་ནས་ཚྭ་ཁ་བར་གྱི་འགྲུལ་སྐྱེལ་མེ་འཁོརK6961/2མང་དུ་གཏོང་རྒྱུ་ཡིན་པ་རེད། ཚྭ་ཁ་ཚྭ་མཚེའུ་ཡི་ཆ་སྙོམས་ས་བབ་མཐོ་ཚད་སྨི3059ཟིན་པ་དང་མཚོ་ངོས་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ105ཟིན་པ་དེ་ནི་གནའ་བོའི་དར་གོས་ཚོང་ལམ་གྱི་ས་ཚིགས་གལ་ཆེན་ཞིག་ཡིན་པ་དང་ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ298ཙམ་ཡོད་པ་རེད། 

W020200427527161341719.jpg

W020200427527161957333.jpg

W020200427527162092524.jpg

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།