མཚོ་སྔོན་ཞིང་ཆེན་གྱིས་གཞི་རིམ་ཏང་འཛུགས་བྱ་བའི་ལས་འགན་གཙོ་བའི་སྐུལ་འདེད་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པས་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཏང་འཛུགས་བྱ་བའི་ལས་འགན་གཙོ་བོའི་སྐུལ་འདེད་གྲོས་ཚོགས་བསྡུས། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞི་རིམ་ཏང་འཛུགས་ལ་ཤུགས་སྣོནཔ་འི་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གི་གྲོས་ཚོགས་དང་། ཏང་འཛུགས་དམ་འཛིན་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁར་སྐུལ་འདེད་གཏོང་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས། གཞི་རིམ་ཏང་འཛུགས་ཀྱི་ལས་འགན་གཙོ་བོར་སྐུལ་འདེད་གཏོང་བའི་ཚོགས་འདུ་བཅས་ཀྱི་བཀོད་སྒྲིག་དང་རེ་བ་གཞིར་བཟུང་སྟེ། ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་ཀྱི་འཛུགས་སྐྲུན་བྱེད་པའི་ལོ་གསུམ་འགུལ་སྐྱོད་ལ་ཟུང་འབྲེལ་བྱེད་པ་དང་། རང་ཞིང་གི་གཞི་རིམ་ཏང་འཛུགས་བྱ་བར་གནས་པའི་འབུར་ཐོན་གནད་དོན་ལ་དམིགས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ལས་འགན་གསལ་བོ་དང་བྱེད་ཐབས་ཞིབ་མོར་བྱེད་པ། དངོས་འབེབ་དམ་འཛིན་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་འཛིན་པའི་ལམ་ལུགས་འཛུགས་པར་དང་དངོས་འབེབ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་ཉིན་རྒྱུན་གྱི་འཚོ་བར་འདྲེས་སུ་བཅུག་ནས་རྒྱུན་དུ་དམ་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས། ཉིས་སྟོང་ཉི་ཤུ་ལོའི་གཞི་རིམ་ཏང་འཛུགས་བྱ་བའི་ལས་འགན་གཙོ་བོར་དམིགས་ཏེ། ཉམས་མྱོང་སྤྱི་བསྡོམས་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ། བྱ་བའི་བྱེད་ཐབས་གསར་གཏོད་བྱེད་པ། གཞི་རིམ་ཏང་འཛུགས་བྱ་བ་སྣ་ཚོགས་དངོས་འབེབ་བྱེད་པ་དམ་འཛིན་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱིས་རིམས་འགོག་ཁྲོད་དུ་ནུས་པ་འདོན་སྤེལ་བྱས་པའི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོར་སྤྱི་བསྡོམས་བྱེད་པར་དོ་སྣང་དང་། གཞི་རིམ་ཏང་ཀྲི་པུའུ་ཡི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས། མུ་མཐུད་དུ་ཤུགས་ཆེན་པོས་གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། 

གྲོས་ཚོགས་ནས་དངོས་འབེབ་དམ་འཛིན་བྱེད་པ་དེ་བྱ་བ་སྤེལ་བའི་བྱེད་ཐབས་གལ་ཆེན་ཡིན་ཞིང་། ཚད་མཐོན་པོའི་ཆབ་སྲིད་འགན་འཁྲིའི་འདུ་ཤེས་ཀྱིས་སྔར་ནས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་དང་གནས་པའི་གནད་དོན་ལ་དམིགས་ཏེ། གྲུབ་འབྲས་བརྩོན་ལེན་བྱེད་པའི་བྱ་སྤྱོད་དར་སྤེལ་བྱེད་པ་དང་། སྣ་རེ་རེ་བཞིན་དམ་འཛིན་བྱེད་པ། དངོས་གཉེར་ཕན་བརྩོན་ལེན་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་སྣ་ཚོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པ་དེ་གཞི་རིམ་ལ་ཁ་ཕྱོགས་པར་སྐུལ་འདེད་བཏང་སྟེ། གཞི་རིམ་ཏང་འཛུགས་བྱ་བའི་སྤུས་ཚད་ཟོལ་མེད་ཀྱིས་ཇེ་མཐོར་གཏོང་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།