ལིའུ་ཐུང་ཏི་ཡིས་ཡུས་ཧྲུའུ་ཁུལ་གྱི་དམངས་ཆེན་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཉིས་ཉིན་བར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས། དམངས་འཐུས་ཚོགས་ཆེན་གྱི་ལས་དོན་དང་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས།

ལིའུ་ཐུང་ཏི་ཡིས་རྟོག་ཞིབ་བྱེད་སྐབས་ཡུས་ཧྲུའུ་ཁུལ་གྱི་རིམ་པ་སོ་སོའི་དམངས་ཆེན་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ཏེ་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་དམངས་ཆེན་གྱིས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུའི་སྐོར་གྱི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཁྱོན་ཡོངས་དང་རྒྱུན་མཐུད་ངང་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ། གོ་དོན་མཐིལ་ཕྱིན་ཐུབ་པ། ཡིད་ཆེས་ལག་བསྟར་ཏན་ཏིག་ཐུབ་པ་བཅས་བྱེད་དགོས་པ་དང་། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་དམངས་འཐུས་ཚོགས་ཆེན་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་ནན་མོ་བྱེད་དགོས། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དེ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོའི་ཁྲོད་ནས་མངོན་པར་བྱས་ཏེ། ཏང་གི་ལམ་ཕྱོགས་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལས་དོན་ཁྲོད་ཕྱོགས་ཡོངས་ནས་ལག་བསྟར་དང་སྐུལ་འདེད་ནུས་ལྡན་ཐུབ་རྒྱུའི་འགན་ལེན་བྱེད་དགོས་པར་མ་ཟད། ཁྲིམས་ལྟར་འགན་དབང་སྤྱོད་པ་དང་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་དགོས། “གཏུབ་ཁ་ཆུང་བ་དང་། གཏིང་ཟབ་པ། དངོས་གནས་སྤྱོད་གོ་ཆོད་པ། དོན་འཁྱོལ་ཐུབ་པ”བཅས་ཀྱི་བླང་བྱ་གཞིར་བཟུང་ནས། ཁྲིམས་བཟོའི་སྤུས་ཚད་མཐོ་རུ་བཏང་ནས་ས་གནས་ཀྱི་ཁྲིམས་འཛུགས་དེ“ཡོད་མེད”ནས“ལེགས་མིན”དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས། ལྟ་སྐུལ་ལས་དོན་སྤེལ་སྟངས་གསར་གཏོད་བྱས་ནས་དམངས་ཆེན་གྱི་ལྟ་སྐུལ་དབང་ཟིལ་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས། འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་དང་འགན་སྲུང་བྱས་ནས་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། “བྱ་ཐབས་གཉིས”ཁྱོན་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་གཏོང་བ་དང་། དམངས་ཆེན་གྱི་འཐུས་མི་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས་འཐུས་མིའི་གྲོས་འགོ་སྒྲུབ་པའི་ལས་དོན་ཡག་པོ་སྒྲུབ་པ། དམངས་ཆེན་འཐུས་མིའི་ཞབས་ཞུ་འགན་ལེན་ལས་དོན་ལ་སྔར་ལས་ཤུགས་སྣོན་རྒྱག་པ་དང་ཇེ་ལེགས་སུ་གཏོང་བ་བཅས་བྱེད་དགོས། “ལས་ཁུངས་བཞི”འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། “དམངས་ཆེན་གྱི་ལས་དོན་དོན་འཁྱོལ་ལོ”ཞེས་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། ཆེད་ལས་གསོ་སྦྱོང་དང་ལས་གནས་སྦྱོང་བརྡར་ཏན་ཏིག་སྤེལ་བ། ཆབ་སྲིད་དང་བསམ་བློ། སྤྱོད་ཚུལ་སོགས་ཀྱི་འཛུགས་སྐྲུན་དམ་འཛིན་ཏན་ཏིག་བྱས་ཏེ། དམངས་ཆེན་གྱི་རིམ་པ་སོ་སོའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།