ལིག་ཐོ་ཡིས་ཟི་ལིང་ས་ཁུལ་གྱི་ཤེས་བྱའི་ཐོན་དབང་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ལིའུ་ཐོ་ཡིས་ཟི་ལིང་ས་ཁུལ་གྱི་ཤེས་བྱའི་ཐོན་དབང་བྱ་བར་རྟོག་ཞིབ་བྱས་ནས་ནན་གྱིས་བསྟན་དོན། གསར་གཏོད་གསར་སྐྲུན་ལ་སྐུལ་སློང་གཏོང་བ་དང་བཀོལ་སྤྱོད་སྲུང་སྐྱོབ་ལ་ཤུགས་སྣོན་པ། ཤེས་བྱའི་ཐོན་དབང་གསར་སྐྲུན་དང་བཀོལ་སྤྱོད། སྲུང་སྐྱོབ། དོ་དམ་དང་ཞབས་ཞུ་ནུས་པ་རྒྱུན་མ་ཆད་པར་འཐུས་ཚང་དུ་གཏོང་བ། གསར་གཏོད་གསོན་ཤུགས་དང་ཚོང་རའི་གསོན་ཤུགས་ཆེར་སྐྱེད་དེ། ཞིང་ཆེན་ཡོངས་ཀྱི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་དགོས་ཟེར།

ལིའུ་ཐོ་སྔ་གཞུག་ཏུ་མཚོ་སྔོན་སན་ཅང་ཞུའེ་སྐྱེ་དངོས་ཚན་རྩལ་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་ཨེ་ཤ་ཡ་སྭེལ་ལས་མཚོ་སྔོན་ཚད་ཡོད་ཀུང་ཟི། ཞིང་ཆེན་ཚན་རྩལ་གསར་གཏོད་ཞབས་ཞུ་ཚོམས་ཆེན་བཅས་ལ་སོང་ནས། ཞིང་ཆེན་ཡོངས་ཀྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བཀོལ་སྤྱོད་དང་དབང་སྲུང་རོགས་སྐྱོར་དང་ཆེད་ཁེ་ཡར་ཞུ་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་བསྟན་དོན། དེ་རིང་ནི་འཛམ་གླིང་ཤེས་བྱ་བའི་ཐོན་དབང་ཉིན་མོ་སྐབས་ཉི་ཤུ་བ་ཡིན་པས། འབྲེལ་ཡོད་སྡེ་ཁག་སོ་སོས་ཤེས་བྱའི་ཐོན་དབང་གི་དྲིལ་སྒྲོག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཤེས་བྱ་དང་གསར་གཏོད་ལ་བརྩི་མཐོང་བྱེད་པ་དང་ཡིད་རྟོན་ཁྲིམས་སྲུང་སྲོག་ཤིང་དུ་བྱེད་པའི་རིག་གནས་འཛུགས་སྐྲུན་སྤེལ་ནས། ཁེ་ལས་དང་ཆེད་ཁེ་དབང་མིའི་གསར་གཏོད་ཐད་གླེང་ཕྱོགས་སྣང་ཚུལ་བཟང་བོ་བསྐྲུན་དགོས་ཟེར།

ལིའུ་ཐོ་ཡིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤེས་བྱའི་ཐོན་དབང་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཤེས་བྱའི་ཐོན་དབང་བྱ་བ་བཟང་བོར་བསྒྲུབ་པའི་བྲེལ་མྱུར་འདུ་ཤེས་དང་འགན་འཁྲི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ཤེས་བྱའི་ཐོན་དབང་འཕེལ་རྒྱས་སུ་གཏོང་བ་དང་སྲུང་སྐྱོབ་བྱེད་པར་དམ་འཛིན་བྱེད་དགོས། ཤེས་བྱའི་ཐོན་དབང་ཁྱབ་ཁོངས་ཀྱི་ལྷོད་སྡོམ་ཞབས་གསུམ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཆེད་ཁེ་ཚོང་རྟགས་ཚབ་གཉེར་སྤྱོད་ཚུལ་ཚད་ལྡན་དུ་གོཏང་བ། འགྲོ་ལུགས་སྟབས་བདེ་རུ་བཏང་ནས། ཤེས་བྱའི་ཐོན་དབང་ལས་སྒོ་བསྒྲུབ་པའི་སྟབས་བདེ་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།