ཚྭ་འདམ་གཤོང་འཕང་འབྲས་ཞིབ་འཇུག་ཁང་གི་སྒོ་བྱང་དངོས་སུ་བཀལ་བ།

nmcD-hcwpcmq1257589.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་ཚྭ་འདམ་གཤོང་འཕང་འབྲས་ཞིབ་འཇུག་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ་གཏེར་ལེན་ཁ་གྲོང་ཁྱེར་དུ་དངོས་སུ་འཚོགས་པ་རེད།

ཚྭ་འདམ་གཤོང་འཕང་འབྲས་ཞིབ་འཇུག་ཁང་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་དུས་རབས་གསར་པའི་གནས་བབ་གསར་པ་དང་བླང་བྱ་གསར་པ་དང་བསྟུན་ནས། ཚན་རིག་ཞིབ་འཇུག་གླིང་དང་སུའོ་ཡི་མཉམ་ལས་བྱེད་སྟངས་དུས་ཐོག་ཏུ་ལེགས་སྒྲིག་དང་རྒྱལ་ནང་ལས་རིགས་ཀྱི་ཆེད་མཁས་པ་རྩ་འཛུགས་བྱས་ནས་མཉམ་དུ་བཙུགས་པའི་ཚན་རིག་ཞིབ་འཇུག་གི་ལས་སྟེགས་ཤིག་ཡིན། དེའི་དམིགས་ཡུལ་ནི་ཚན་རིག་ལག་རྩལ་གྲུབ་འབྲས་གཞན་སྒྱུར་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་རྨང་གཞིའི་ཞིབ་འཇུག་དང་ལག་རྩལ་ཁྱབ་གདལ་ཆེ་རུ་བཏང་ནས། ཁུལ་ཡོངས་ཀྱི་འཕང་འབྲས་ཐོན་ལས་ཀྱི་ཚན་རྩལ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་དེ་རེད།

ཚྭ་འདམ་གཤོང་འཕང་འབྲས་ཞིབ་འཇུག་ཁང་གི་སྒོ་བྱང་བཀེལ་བ་དེས་ཚྭ་འདམ་གཤོང་འཕང་འབྲས་ཐོན་ལས་ཀྱི་འཕེལ་རྒྱས་གསར་པ་ཞིག་གི་འགོ་བརྩམས་པ་མཚོན་ཞིང་། ཚན་རིག་ལག་རྩལ་ཞིབ་འཇུག་གསར་སྤེལ་གྱི་སྒྲིག་གཞི་དང་ལམ་སྲོལ་གསར་གཏོད་བྱས་པ་བརྒྱུད་རྨང་གཞིའི་ཞིབ་འཇུག་དང་ཚན་རྩལ་གྲུབ་འབྲས་ཁྱབ་གདལ་དང་བེད་སྤྱོད་ཇེ་མགྱོགས་སུ་བཏང་ནས། འཕང་འབྲས་ཐོན་ལས་ལ་ཚན་རྩལ་གྱི་འདེགས་སྐྱོར་མཁོ་འདོན་དང་འཕེལ་རྒྱས་ཀྱི་གསོན་ཤུགས་བསྣན་ནས་ཚྭ་འདམ་གཤོང་གི་འཕང་འབྲས་ཐོན་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།