ཝང་ཀྲིན་ཧྲིན་གྱིས་འགོ་མཛིན་བྱས་ནས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་བརྙན་རིས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་ཝང་ཀྲིན་ཧྲིན་གྱིས་འགོ་མཛིན་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་བརྙན་རིས་གྲོས་ཚོགས་བསྡུས་ཏེ། ནག་སེལ་ངན་འཇོམས་ཀྱི་གཙང་སེལ་དྲུག་གི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བ་དང་།  རྒྱུན་མཐུད་ངང་རྒྱུན་ལྡན་ཅན་གྱི་རིམས་ནད་སྔོན་འགོག་དང་གཏན་འཇགས་སྲུང་སྐྱོབ་བྱ་བ་བཟང་བོར་བསྒྲུབ་པར་བཀོད་སྒྲིག་བྱས།

ཝང་ཀྲིན་ཧྲིན་གྱིས་བསྟན་དོན། རིམས་ནད་ཀྱིས་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་ཐད་ཀྱི་གནོད་པར་དབྱེ་འབྱེད་གང་ལེགས་བྱེད་པ་དང་། འཐབ་རྩོད་ཀྱི་གཏན་ཤུགས་དང་ཐེག་ཤུགས་ཇེ་དྲག་ཏུ་གཏོང་བ། འཐབ་རྩོད་བྱེད་ཤུགས་རྒྱུན་འཁྱོངས་བྱེད་པ། བསམ་བློ་ངོས་འཛིན་ཐད་ནས་བཏང་ལྷོད་བྱེད་པར་བཀག་འགོག་བྱེད་པ་དང་བྱ་བའི་དམིགས་འབེན་ཚད་ཇེ་དམའ་རུ་གཏོང་བར་བཀག་འགོག་བྱེད་པ། གྱོད་གཞི་བསྒྲུབ་པའི་ཐད་ནས་ཕྱོགས་རེས་འབྱུང་བར་བཀག་འགོག་བྱེད་པ། བྱ་བ་སྤེལ་ཤུགས་ཇེ་ཆུང་དུ་གཏོང་བར་བཀག་འགོག་བྱེད་པ། གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྣམ་པ་ལེགས་བསྒྱུར་བྱེད་པ། དམིགས་འབེན་གྲངས་བསྒྱུར་བྱེད་པ་བརྒྱུད་དེ། མ་ལག་ཆ་ཚང་བའི་སྤྱི་བདེ་ལས་ཁུངས་ཀྱི་ནག་སེལ་ངན་འཇོམས་ལམ་ལུགས་མ་ལག་འཛུགས་དགོས་ཟེར།

ཝང་ཀྲིན་ཧྲིན་གྱིས་ནན་གྱིས་བསྟན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་དང་གཏན་འཇགས་སྲུང་སྐྱོབ་བྱ་བའི་མདུན་དུ་ལྷགས་པའི་ཛ་དྲག་རྙོག་འཛིང་གི་གནས་བབ་ལ་ངོས་འཛིན་གསལ་བོ་བྱེད་པ་དང་། གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པའི་སྤྱིའི་རྨང་གཞི་ཁོང་དུ་ཆུད་པར་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སྤྱི་བདེ་པུའུ་ཡི་བཀོད་སྒྲིག་རེ་བ་ལྟར། ཕྱོགས་གཅིག་ནས་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཀྱི་ཁ་གཏད་རང་བཞིན་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། མུ་མཐུད་དུ་སྔོན་འགོག་ཚོད་འཛིན་བྱ་བ་སྣ་ཚོགས་ལ་དམ་འཛིན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་གཙོ་འགན་གཙོ་ལས་ལ་དམིགས་པ་དང་ཇུས་གཞི་འཐུས་ཚང་དུ་གཏོང་བ། བྱ་བའི་ལག་བསྟར་ལ་ཤུགས་བསྣན་ནས། རྒྱུན་ལྡན་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་མཐུན་པའི་ཉེན་རྟོག་འཁོར་སྐྱོད་རྐྱེན་སྲོལ་འཛུགས་པ་དང་། ཆབ་སྲིད་བདེ་འཇགས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ངང་གཏན་འཇགས་ཡོང་བར་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་དུས་རབས་གསར་བའི་སྤྱི་བདེ་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།