གོར་ཁུའུ་ལྕགས་ལམ་དང་མཚོ་བོད་ལྕགས་ལམ་དངོས་སུ་སྦྲེལ་མཐུད་ཐུབ་པ།

ac6eddc451da81cbfcafcff95eb65f100824318b.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས24ཉིན་གྱི་སྔ་དྲོར། ན་གོར་མོ་ནས་ཁུའུ་ཨར་ལེ་བར་གྱི་ལྕགས་ལམ་ན་གོར་མོ་གཙང་པོའི་ལམ་ཐིག་སྦྲེལ་མཐུད་ཨར་སྐྲུན་གྱི་དུས་མཚམས་སུ་སླེབས་པ་དེས་གོར་ཁུའུ་ལྕགས་ལམ་གྱི་འཛུགས་སྐྲུན་ལས་དོན་མཐའ་མའི་དུས་མཚམས་སུ་སླེབས་པ་མཚོན་ཡོད། ལས་གཞི་དེ་ལེགས་གྲུབ་ཟིན་རྗེས་གོར་ཁུའུ་ལྕགས་ལམ་དང་མཚོ་བོད་ལྕགས་ལམ་སྦྲེལ་མཐུད་ཐུབ་རྒྱུ་དང་། ཨར་སྐྲུན་འཆར་གཞི་ལྟར་ན་ད་ལོའི་ཟླ6པར་གོར་ཁུའུ་ལྕགས་ལམ་གྱི་མཚོ་སྔོན་ལམ་དུམ་ཤར་གཏོང་ཐུབ་རྒྱུ་དང་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་རྗེས་ན་གོར་མོ་ནས་ཁུའུ་ཨར་ལེ་བར་དེ་སྔའི་ཆུ་ཚོད26ནས་ཆུ་ཚོད12བར་ཇེ་ཐུང་དུ་འགྲོ་རྒྱུ་རེད། 

960a304e251f95ca0595e2eed9c7f03866095258.jpg

ན་གོར་མོ་གཙང་པོའི་ལམ་ཐིག་ནི་ན་གོར་མོ་བབས་ཚུགས་ཀྱི་ལྷོ་ནུབ་རྒྱུད་ཀྱི་སྤྱི་ལེ7.3གྱི་མཚམས་སུ་གནས་པ་དང་། དེ་ནི་མཚོ་བོད་ལྕགས་ལམ་གྱི་ན་གོར་མོ་ནས་ལྷ་སའི་ལམ་ཐིག་དང་གསར་སྐྲུན་བྱས་པའི་གོར་ཁུའུ་ལྕགས་ལམ་སྦྲེལ་མཐུད་ཀྱི་ལས་གཞི་གལ་ཆེན་ཞིག་ཡིན་ཞིང་། གཙོ་བོ་ཟི་ལིང་དང་། ཁུའུ་ཨར་ལེ། ལྷ་ས་སོགས་ཕྱོགས་མང་པོར་སྦྲེལ་ཡོད་ལ། དེ་ནི་གོར་ཁུའུ་ལྕགས་ལམ་དང་མཚོ་བོད་ལྕགས་ལམ་ན་གོར་མོ་ནས་ལྷ་ས་བར་གྱི་དུམ་བུའི་མེ་འཁོར་འཁོར་སྐྱོད་མཉམ་འདྲེས་ཀྱི་ལམ་ཐིག་ཅིག་ཡིན་པ་དང་། མཚོ་བོད་དང་གོར་ཁུའུ་བར་གྱི་ཟོག་འདྲེན་མེ་འཁོར་གྱི་མར་བགྲོད་ལམ་ཐིག་དང་། ན་གོར་མོ་ནས་ཁུའུ་ཨར་ལེ་བར་གྱི་ཟོག་འདྲེན་མེ་འཁོར་གྱི་ཡར་བགྲོད་ལམ་ཐིག མཚོ་སྔོན་ནས་བོད་ལྗོངས་བར་གྱི་ཟོག་འདྲེན་མེ་འཁོར་གྱི་ཡར་བགྲོད་ལམ་ཐིག ན་གོར་མོ་ནས་ལྷ་ས་བར་གྱི་མ་ལམ། ན་གོར་མོ་ནས་ཁུའུ་ཨར་ལེ་བར་གྱི་འགྲུལ་སྐྱེལ་མེ་འཁོར་གྱི་ལམ་ཐིག་བཅས་བསྡོམས་པས་ལམ་ཐིག5ཚང་མ་ན་གོར་མོ་གཙང་པོའི་ལམ་ཐིག་བརྒྱུད་དེ་བསྐྱོད་བཞིན་ཡོད། ན་གོར་མོ་གཙང་པོའི་ལམ་ཐིག་ཤར་གཏོང་ཐུབ་པ་དེས་ན་གོར་མོའི་ལྟེ་བའི་མེ་འཁོར་ཤར་གཏོང་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུ་རེད། 

b21c8701a18b87d64ebf943114d8a73e1e30fd71.png

རྒྱུས་ལོན་བྱུང་བར་གཞིགས་ན། ལས་འགོ་ཚུགས་པ་ནས་བཟུང་གོར་ཁུའུ་ལྕགས་ལམ་འཛུགས་སྐྲུན་ནང་ཞུགས་མཁན་སྡེ་ཚན་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱར་བརྩི་སྲུང་ནན་མོ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཇུས་གཞི་ནན་མོ་བཟོས་པ་དང་། “རིམས་ནད་སྔོན་འགོག་དང་། འཛུགས་སྐྲུན་འགན་སྲུང་། ཤར་གཏོང་འགན་ལེན”སོགས་འཛུགས་སྐྲུན་དང་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་རབ་དང་རིམ་པ་བརྒྱུད་སྔོན་ལ་ཇུས་འགོད་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཅས་བྱས་ནས་ཨར་སྐྲུན་འགག་སྒྲོལ་གྱི་དུས་མཚམས་སུ་སླེབས་པ་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་ནར་འགྱངས་བྱས་པའི་ལས་ཡུན་རྒྱུན་ཆད་མེད་པར་ཉུང་དུ་བཏང་སྟེ་གོར་ཁུའུ་ལྕགས་ལམ་མཚོ་སྔོན་ལམ་དུམ་ཤར་གཏོང་ཐུབ་རྒྱུར་འགན་ལེན་ནུས་ལྡན་བྱས་པ་རེད། 

72f082025aafa40f4d6bb42ca6b48c497af019e3.png

b151f8198618367a325fc8303aa304d2b11ce564.png

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།