མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་བྱེད་ཐབས་དྲུག་ལ་བརྟེན་ནས་འཐེན་ཐུག་ཁེ་ལས་ཀྱི་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་ལ་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་བྱེད་ཐབས་དྲུག་སྤྱད་དེ་འཐེན་ཐུག་ཁེ་ལས་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི“འཐེན་ཐུག་དཔལ་འབྱོར”འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པོ་སྒྲུབ་པ་རེད།

ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་གཙོ་ཆེའི་དྲ་ཚིགས་དང་། སྐད་འཕྲིན་སྤྱི་རྟགས། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་མིང་གཞུང(མཚོ་སྔོན)ལས་སྟེགས། དེ་རིང་གི་གསར་འགྱུར་གལ་ཆེན་སོགས་སྨྱན་སྦྱོར་བརྒྱུད་ཀྲུང་དབྱང་དང་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱི་ལས་འགོ་བསྐྱར་ཚུགས་ཀྱི་རོགས་སྐྱོར་སྲིད་ཇུས་དང་བྱེད་ཐབས་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་པ་རེད། མཚོ་སྔོན་ཞིང་ཆེན་གྱི་ཕྱིར་སྡོད་ངལ་ནུས་དོན་གཅོད་ཁྲུའུ་ཡིས་ས་གནས་དེ་གའི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ད་ཡོད་ཀྱི་དྲ་ཐོག་ཐབས་ལམ་ལ་བརྟེན་ནས་ས་གནས་དེ་གའི་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་སྲིད་ཇུས་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་པ། ཞིང་ཆེན་ཕྱིའི་མཚོ་སྔོན་བཟའ་བཏུང་ཁེ་ལས་ཀྱིས་གཉེར་སྐྱོང་ཐབས་ཇུས་ལེགས་སྒྲིག་ཧུར་ཐག་བྱ་རྒྱུར་ཁྲིད་སྟོན་བྱེད་པ། ཁ་ཆད་རྣམ་པའི་ཕྱི་ཚོང་གི་མཉམ་སྡེབ་བཟའ་བཅའ་སྡེབ་སྐྱེལ་ཞབས་ཞུ་སྤེལ་བ། འབྲེལ་གཏུག་མེད་པའི་ཟ་མའི་ལམ་ལུགས་འཛུགས་པ་བཅས་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།

ལས་རིགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་འཐེན་ཐུག་ཐོན་ལས་ལ་བརྟེན་ནས་ཕན་ཚུན་རོགས་སྐྱོར་བྱེད་རྒྱུར་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཕྱིའི་མཚོ་སྔོན་གྱི་འཐེན་ཐུག་ཐོན་ལས་གཉེར་སྐྱོང་པས་ས་གནས་དེ་གའི་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་བྱ་རྒྱུར་ཁྲིད་སྟོན་བྱེད་པ། ལས་ཀ་སླར་གསོ་དང་ཐོན་སྐྱེད་བསྐྱར་མའི་འབྲེལ་ཡོད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བཅས་བྱེད་དགོས། ཚོགས་པ་སྒྲིག་འཛུགས་བྱས་ནས་ཁ་རས་དང་དུག་སེལ་བཤེར་ཁུ་སོགས་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་ཉོ་བ་དང་། འཕྲིན་ཕྲན་ཚོགས་པ་དངQQཚོགས་པ་སོགས་ཆ་འཕྲིན་སྤེལ་རེས་ཀྱི་ཐབས་ལམ་སྟབས་བསྟུན་ངང་སྤྱད་དེ་མ་བཅོས་རྒྱུ་ཆ་གཅིག་སྡུད་བྱས་ཏེ་མ་གནས་འཕར་བའི་གནོན་ཤུགས་ཆུང་དུ་བཏང་།

དེ་དང་ཆབས་ཅིག་འཐེན་ཐུག་ཐོན་ལས་སྤུས་རྟགས་ཅན་གྱི་གཉེར་སྐྱོང་ལ་སྐུལ་མ་བཏང་ནས་ཆ་རྐྱེན་འཛོམས་པའི་མཚོ་སྔོན་འཐེན་ཐུག་ཁེ་ལས་ཀྱིས་ཐོན་ལས་སྦྲེལ་ཐག་བསྡུ་སྒྲིལ་དང་། ལས་རིགས་དང་ས་ཁུལ་ལས་བརྒལ་ནས་མཉམ་འབྲེལ་བསྐྱར་སྒྲིག་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ཚོགས་པ་ཅན་དང་། གཞི་ཁྱོན་ཅན། མུ་འབྲེལ་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། སྲོལ་རྒྱུན་གྱི་ཟ་ཁང་རྙིང་པ་དང་དེ་བཞིན་ཁྱིམ་ཚང་གི་རྣམ་པ་དང་བཟོ་ཁང་རྣམ་པའི་ཁེ་ལས་ཀྱི་བདག་པོར་སྔར་ཡོད་ཀྱི་ཚོང་རྟགས་སོར་འཇོག་བྱེད་པའི་རྨང་གཞིའི་ཐོག་མཚོ་སྔོན་གྱི་འཐེན་ཐུག་ཚོང་རྟགས་ཀྱི“སྤུས་རྟགས་གཉིས”ཀྱི་རྣམ་པ་གཞིར་བཟུང་། “ས་ཁོངས་ཀྱི་ཁྱད་ལྡན་སྤུས་རྟགས+རང་ཡོད་ཚོང་རྟགས”ཀྱི་ཟ་ཁང་གི་སྒོ་བྱང་གསར་བརྗེས་བྱས་ནས་མཚོ་སྔོན་གྱི་འཐེན་ཐུག་གི་སྤུས་རྟགས་ཧྲིལ་པོའི་དྲིལ་བསྒྲགས་ནུས་པ་ཆགས་པ་དང་མཚོ་སྔོན་གྱི་འཐེན་ཐུག་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཁྲོམ་རའི་བཟུང་ཚད་ཆེ་རུ་བཏང་།

“འཐེན་ཐུག”ཚོང་རྟགས་ཚད་ལྡན་བེད་སྤྱོད་དང་ཁྱབ་གདལ་གཏོང་བ་དང“འཐེན་ཐུག”ཚོང་རྟགས་ཀྱི་ཁེ་དབང་ཡོད་མཁན་གྱིས་རྫུས་མར་རྡུང་རྡེག་དང་ཁེ་དབང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་དགོས། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་མ་དངུལ་གྱི་དཀའ་ངལ་འཕྲད་པའི་མཚོ་སྔོན་འཐེན་ཐུག་ཟ་ཁང་གིས་རྐང་དབང་གཏའ་འཇོག་དང་། སྒུལ་འཐུས་རྒྱུ་དངོས་གཏའ་འཇོག ཚོང་རྟགས་བདག་དབང་གཏའ་འཇོག་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མ་དངུལ་གྱི་དཀའ་ངལ་ཞི་ལྷོད་དུ་གཏོང་རྒྱུར་རོགས་རམ་དང་མཛུབ་ཁྲིད་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་དཔེ་སྟོན་སྣེ་ཁྲིད་དང་སྤྱི་ཕན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་མཁན་གྱི་མཚོ་སྔོན་འཐེན་ཐུག་ཁེ་ལས་ཚོང་རྟགས་སྤུས་རྟགས་གཙོ་གནད་སྐྱེད་སྲིང་བྱ་ཡུལ་དུ་བརྩིས་ནས་ཁེ་ལས་ལ་སྤུས་རྟགས་བཏོད་སྟོབས་ཆེ་རུ་གཏོང་རོགས་བྱས།

མཚོ་སྔོན་གྱི་འཐེན་ཐུག་ཁང་གིས་དྲ་ཐོག་བྲིན་ཚོང་ལས་སྟེགས་གཏོད་རྒྱུར་སྐུལ་ལྕག་བྱས་ནས་རིམས་ནད་ཀྱི་ཤུགས་རྐྱེན་དངོས་ལ་དམིགས་ཏེ་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་གི་སྣ་ཁ་མང་དུ་གཏོང་བ་དང་། ཐོན་རྫས་སྡེབ་སྐྱེལ་བྱེད་སྟངས་གསར་གཏོད་བྱེད་པ། དྲ་ཐོག་དམར་ཁྲིད་ཚོང་ཟོག་ལ་བརྟེན་ནས་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ། ཡོང་འབབ་མང་དུ་གཏོང་བ། དཀའ་ངལ་ཞི་ལྷོད་དུ་གཏོང་བ་བཅས་བྱས་པ་རེད།

མཚོ་སྔོན་གྱི་སྤུས་རྟགས་ཚོང་ཟོག་འོས་སྦྱོར་ཚོགས་འདུ་རྒྱུན་མཐུད་ངང་བེད་སྤྱད་དེ“འཐེན་ཐུག”གི་སྤུས་རྟགས་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ནས་ཤེས་ལྡན་མི་སྣ་དང་ལག་རྩལ་ཕྱིར་གཏོང་སོགས་ཀྱི་བྱ་ཐབས་བརྒྱུད་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་དང་མཉམ་འབྲེལ་ཐོག་གཉེར་སྐྱོང་བྱེད་པ་དང་ཐབས་ལམ་མང་པོའི་ཐོག་ནས་ངལ་ནུས་དགོས་མཁོ་འགན་ལེན་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་བཟའ་བཏུང་ཁྲོམ་ར་གསར་འབྱེད་ཤུགས་ཆེན་བྱས་པ་རེད། །

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།