མཚོ་སྔོན་ཞིང་ཆེན་གྱིས་ཤེས་བྱའི་བདག་དབང་གི་དཔེ་མཚོན་གྱོད་དཔེ10ཁྱབ་བསྒྲགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས་24ཉིན་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་མཚོ་སྔོན་ཞིང་ཆེན་ཤེས་བྱའི་བདག་དབང་ཅུའུ་དང་མཉམ་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ནས་ཞིང་ཆེན་ཡོངས་ཀྱི་ཤེས་བྱའི་བདག་དབང་ལས་དོན་གྱི་གནས་ཚུལ་དང་། མཚོ་སྔོན་ཁྲིམས་ཁང་གི་ཤེས་བྱའི་བདག་དབང་ཁྲིམས་འཛིན་སྲུང་སྐྱོང་གི་གནས་ཚུལ་བརྡ་ཁྱབ་བཏང་བ་མ་ཟད་ཤེས་བྱའི་བདག་དབང་གི་དཔེ་མཚོན་གྱོད་དཔེ་10ཁྱབ་བསྒྲགས་བྱས།

 ཉེ་བའི་ལོ་འགའི་རིང་མཚོ་སྔོན་གྱི་ཤེས་བྱའི་བདག་དབང་ལས་དོན་གྱིས་དོ་དམ་མ་ལག་མུ་མཐུད་དུ་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ། ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། དྲིལ་བསྒྲགས་གསོ་སྦྱོང་རྒྱ་ཁྱབ་ཏུ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ཞིང་ཆེན་ཡོངས་ཀྱི་ཤེས་བྱའི་བདག་དབང་གི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ཇེ་ལེགས་སུ་བཏང་ནས“ ཆེད་ཁེ་བདག་དབང་དང་ཚོང་རྟགས”དཔུང་གཤིབ་མཉམ་སྐྱོད་དང“གསར་གཏོད་དང་སྲུང་སྐྱོང”གི་མཐུན་སྦྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་བསྐྲུན་པ་དང་། ཤེས་བྱའི་བདག་དབང་གསར་གཏོད་དང་། སྲུང་སྐྱོང་། བེད་སྤྱོད། དོ་དམ། ཞབས་ཞུ་བཅས་ལ་ཕྱོགས་ཡོངས་ནས་གྲུབ་འབྲས་མངོན་གསལ་ཐོབ་པས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་ཆེན་པོ་བཏོན།

མཚོ་སྔོན་ཁྲིམས་ཁང་གིས་ཤེས་བྱའི་བདག་དབང་གི་འདྲི་གཅོད་མ་ལག་དང་འདྲི་གཅོད་ནུས་པ་དེང་རབས་ཅན་ལ་ཁ་ཕྱོགས་པར་འབད་པ་ལྷོད་མེད་བྱེད་པ་དང་། བཅོས་སྒྱུར་གསར་གཏོད་དང་སྒོ་འབྱེད་འཕེལ་རྒྱས་སྒུལ་ཤུགས་སུ་གཏོང་བ། ཤེས་བྱའི་བདག་དབང་གི་གཏུག་བཤེར་ལམ་ལུགས་འཐུས་སྒོ་ཇེ་ཚང་དུ་གཏོང་བ། ཤེས་བྱའི་བདག་དབང་གི་འདྲི་གཅོད་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བྱེད་པ། ཁྲིམས་འཛིན་གྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཤེས་བྱའི་བདག་དབང་གི་ཁྲིམས་འཛིན་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་ཤེས་བྱའི་བདག་དབང་གི་འདྲི་གཅོད་ལས་དོན་ལ་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད། ལོ་གསུམ་ནང་ཤེས་བྱའི་ཐོན་དངོས་བདག་དབང་གི་དམངས་དོན་དང་། སྲིད་འཛིན། ཉེས་དོན་བཅས་ཀྱི་གྱོད་གཞིབསྡོམས་པས436བདག་སྤྲོད་བྱས་པ་དང་། གྱོད་གཞི་420ལ་བཅད་ཁྲ་བཀོད་པ་དང་། གྱོད་གཞི་ཐག་བཅད་ཚད96%ཟིན། 

ཐེངས་འདིའི་ཁྱབ་བསྒྲགས་བྱས་པའི་ཤེས་བྱའི་བདག་དབང་གི་དཔེ་མཚོན་གྱོད་དཔེ10 དེ་དག་སོ་སོར་ཚོང་རྟགས་ཀྱི་བདག་དབང་དང་བརྩམས་ཆོས་ཀྱི་ཆ་འཕྲིན་དྲ་རྒྱའི་བརྒྱུད་སྤེལ་དབང་ཆ། ཆེད་ཁེ་བདག་དབང་ལ་གནོད་པའི་སྲིད་འཛིན་ཐག་གཅོད་ཀྱི་གཏན་འབེབས་ཡི་གེར་ཡིད་མཐུན་མ་བྱུང་བ།  ཕྱི་དབྱིབས་ཇུས་འགོད་ཀྱི་ཆེད་ཁེའི་བདག་དབང་ལ་གནོད་འཚེ་ཐེབས་པའི་རྩོད་གཞི་སོགས་དང་འབྲེལ་བ་ཡོད་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།