མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་ཞིང་ཆེན་གཞུང་ཞབས་པའི་རྒྱུན་གཏན་དཔྱད་ཞིབ་ལག་བསྟར་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཟོས་ཤིང་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའིའཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡིས་ཞིབ་འཇུག་བྱས་ནས《མཚོ་སྔོན་ཞིང་ཆེན་གྱི་གཞུང་ཞབས་པའི་རྒྱུན་གཏན་དཔྱད་ཞིབ་ལག་བསྟར་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཏོན་ཏེ། ཏང་གིས་གཞུང་ཞབས་པའི་དཔུང་ཁག་ལ་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། གོམ་གང་མདུན་སྤོས་སྒོས་རྒྱུན་གཏན་དཔྱད་ཞིབ་དང་རིགས་དབྱེ་དཔྱད་ཞིབ། ཐག་ཉེའི་དཔྱད་ཞིབ་བཅས་ཀྱི་དོན་རྟོགས་མི་ཤེས་ཀྱི་མ་ལག་བཙུགས་ནས་རྒྱ་ཆེ་བའི་གཞུང་ཞབས་པས་རང་འགན་གཙང་སྒྲུབ་དང་བྱས་རྗེས་འཇོག་རྒྱུར་སྐུལ་ལྕག་བཏང་།  

《ལག་བསྟར་བྱ་ཐབས(ཚོད་ལྟའི་ལག་བསྟར)》ནང་དེང་སྐབས་གཞུང་ཞབས་པས་འགན་འཁྲི་མི་འཁུར་བ་དང་བྱས་རྗེས་མི་འཇོག་པ། ལས་ཀའི་གྲུབ་འབྲས་མངོན་གསལ་མིན་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་གཙོ་གནད་དུ་བཟུང་ཞིང་། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་“གཞུང་ཞབས་པའི་ལས་འབྲས་དོ་དམ་དེ་ས་གནས་དང་སྡེ་ཁག་ཏུ་ལག་ལེན་འཚོལ་ཞིབ་བྱེད་པའི”ཞིབ་འཇུག་བྱས་འབྲས་དང་ཟུང་འབྲེལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་གཞུང་ཞབས་པའི་རྒྱུན་གཏན་གྱི་དཔྱད་ཞིབ་ཚོད་ལྟའི་ལས་དོན་ཁྲོད་གནས་པའི་ལྷུ་ཚིགས་ཞན་སར་དམིགས་ཏེ། རྒྱུན་གཏན་དཔྱད་ཞིབ་ཀྱི་ནང་དོན་དམིགས་ཚད་དང་བྱེད་ཐབས་གོ་རིམ། རིམ་བསྟུན་ཚད་གཞི། མཇུག་འབྲས་བཀོལ་སྤྱོད་སོགས་གཙོ་གནད་ཀྱིས་ཞིབ་ཕྲར་བཟོས་པ་དང་། དངོས་གཉེར་གོ་ཆོད་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་བྱ་ཐབས་ཞིབ་འཇུག་བྱས་ནས་བཏོན་ཡོད།

ཞིབ་ཕྲའི་བཀོལ་སྤྱོད་བྱེད་སྐབས། ཕྱི་ཚུལ་རིང་ལུགས་དང་ཤུལ་འཇོག་རིང་ལུགས་གཏན་འགོག་བྱེད་པ་དང་། གནད་སྨིན་ཅན་དང་ཧེ་བག་ཅན་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་གཞི་རྩའི་རྩ་དོན་ལ་བརྩི་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་རིགས་མི་འདྲ་བ་དང་རིམ་པ་མི་འདྲ་བ། ལས་གནས་མི་འདྲ་བའི་གཞུང་ཞབས་པའི་ཁྱད་ཆོས་གཞིར་བཟུང་སྟེ། དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཅུང་ཆེ་བའི་དཔྱད་ཞིབ་དམིགས་ཚད་དང་ལས་ཀའི་གོ་རིམ་ཞིབ་འཇུག་སྒོས་བཟོས་ཏེ་རྒྱ་ཆེའི་གཞུང་ཞབས་པའི་རྒྱུན་གཏན་ལས་ཀར་དེ་བས་ཁྱོན་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་གདེང་འཇོག་བྱ་རྒྱུར་འགན་ལེན་བྱེད་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།