མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་སྐབས་དགུ་པའི་ལས་འཛིན་ལྷན་ཚོགས་ཐེངས་གཉིས་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་སྐབས་དགུ་པའི་ལས་འཛིན་ལྷན་ཚོགས་ཐེངས་གཉིས་པ་ཟི་ལིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག《མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི2019ལོའི་ལས་དོན་སྙན་ཞུ》སོགས་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ནི་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོར་བདམས་ནས། ལས་འཛིན་དང་རྒྱུན་ལས་ལས་འཛིན་ཁག་གཅིག་ལེགས་སྒྲིག་བྱས་པ་རེད།

ཁོང་ཡུང་གིས་གསུང་དོན། རྒྱ་གྲམ་དམར་པོ་ཚོགས་པས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་དང་ཆབ་སྲིད་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གཏོང་རྒྱུར་ཤུགས་བསྣན་ནས། ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ལ་ཤུགས་སྣོན་པ་དང་། རྒྱ་གྲམ་དམར་པོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། རྒྱ་གྲམ་དམར་པོ་ཚོགས་པའི་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་པ། ལས་འགན་གལ་ཆེན་དང་ལྟེ་བའི་ལས་དོན་ལ་དམིགས་པ། “མི་སྣ་གསོ་སྦྱོང་ཆེན་མོ་དང་། ལས་གནས་དམག་སྦྱོང་ཆེན་པོ། ཁོར་ཡུག་བཅོས་སྒྲིག་ཆེན་པོ”བཅས་ཀྱི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ། ཞིང་ཆེན་ཡོངས་ཀྱི་རྒྱ་གྲམ་དམར་པོ་ཚོགས་པའི་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོ་པའི་ཐེངས་འདིའི་དཀའ་ངལ་ཁྲོད་འཇོན་ཐང་ཆེ་རུ་གཏོང་བ་དང་། ནུས་པ་འདོན་པ། ཚོད་བགམ་དང་ལེན་ཐུབ་པར་སྐུལ་འདེད་གཏོང་བ་དང་། རྒྱ་གྲམ་དམར་པོ་ཚོགས་པའི་ལས་བྱེད་ལས་བཟོ་པ་ཚང་མ་ལས་གནས་ལ་འཚམ་པ་དང་། ལས་སྒོར་བྱང་བ། འགན་འཁྲི་འཁུར་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་པ། ལས་བྱེད་ལས་བཟོ་ཚོས་འཐབ་རྩོད་བྱེད་ཕོད་པ་དང་། རྒྱལ་ཁ་ལེན་ཕོད་པ། སྙིང་སྟོབས་ཆེར་སྐྱེད་དང་དངོས་སྒྲུབ་ཀྱི་ནུས་པའི་ཆུ་ཚད་མཐོ་རུ་བཏང་ནས་ལས་དོན་ཁག་གི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་འགྲོ་བར་ཁག་ཐེག་བྱེད་དགོས། ཐོག་མཐའ་བར་གསུམ་དུ་དམངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས་ལྟེ་བའི་ལས་སྒོར་ཤུགས་སྣོན་པ་དང་། འཕྲལ་སྡོམ་རོགས་སྐྱོབ་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་པ། འཕྲལ་སྡོམ་མྱུར་སྐྱོབ་གསོ་སྦྱོང་ལ་ཤུགས་སྣོན་པ། སྤུས་རྟགས་ལས་གཞི་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དྲིལ་བསྒྲགས་སྤེལ་རེས་དང་མཉམ་ལས་ཧུར་ཐག་གིས་སྤེལ་བ་བཅས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་གསར་གཏོད་ཡར་བརྩོན་མཐའ་འཁྱོངས་དང་། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་པ། ཆབ་སྲིད་ལ་བརྟེན་ནས་ཚོགས་པ་འཛུགས་པ་དང་། ཡིད་རྟོན་ལ་བརྟེན་ནས་ཚོགས་པ་རྐང་ཚུགས་པར་བྱེད་པ། བཅའ་ཁྲིམས་ལ་བརྟེན་ནས་ཚོགས་པ་སྐྱོང་བ། སྒྱུར་བཅོས་ལ་བརྟེན་ནས་ཚོགས་པའི་སྟོབས་སྐྱེད་པ་བཅས་མཐའ་འཁྱོངས་བྱེད་དགོས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།