མགོན་པོ་བཀྲ་ཤིས་ཀྱིས་འགོ་མཛིན་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་གྲོས་ཚོགས་བསྡུས།

ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་འགོ་མཛིན་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་རིགས་ལ་མཚོ་སྔོན་ཞིང་ཆེན་གྱི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་དབྱང་གི་བརྡ་སྦྱོར་དགོངས་པ་དང་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ཆེད་དོན་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ཧ་ཅང་སེམས་ཁུར་བྱེད་ཀྱིན་ཡོད་པ་དང་། སེམས་ཁུར་ནན་མོ་བྱེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་རིམས་འགོག་བྱེད་པ། སློབ་གསོ་དང་སྣེ་ཁྲིད་བཟང་བོ་བྱེད་པ། ལྟ་སྐུལ་ཞིབ་བཤེར་ནན་མོ་བྱེད་པ། ཐོན་ཁུངས་མཉམ་བསྲེས་བཟང་བོ་བྱས་ཏེ། ཤུགས་ཡོད་བྱེད་ཐབས་ལ་བརྟེན་ནས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱས།  ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱིས་ཏང་ཨུ་དང་སྲིད་གཞུང་གི་རེ་བ་ལག་བསྟར་ནན་མོ་བྱེད་པ་དང་། གནས་སྐབས་མཚམས་འཇོག་གཉིས་དང་རྒྱུན་བསྲིང་གཅིག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། རང་འགུལ་གྱིས་མཉམ་འགོག་མཉམ་སྡོམ་ཁྲོད་ཞུགས་པ། ཏང་ཨུ་དང་སྲིད་གཞུང་གི་དགོངས་དོན་དྲིལ་སྒྲོག་བྱེད་པ། བརྩེ་སེམས་ཞལ་འདེབས་སྤེལ་ནས། མི་རིགས་མཐུན་སྒྲིལ་དང་རིམས་ནད་འགོག་རྒོལ་བྱེད་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱལ་ཁ་ལེན་པའི་ཐད་བྱས་རྗེས་གལ་ཆེན་འཇོག་དགོས་ཟེར།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། ཆོས་ལུགས་ཚོགས་པ་སོ་སོས་ངོས་ཟིན་མཐོར་འདེགས་གཏོང་བ་དང་། ཀྲུང་དབྱང་གི་བརྡ་སྦྱོར་དགོངས་པ་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། བསམ་བློ་དང་འགུལ་སྐྱོད་སྟེང་ནས་ཏང་ཀྲུང་དབྱང་དང་གཅིག་གྱུར་མཐོན་པོ་བྱེད་དགོས། རང་འགུལ་གྱི་འབད་འཐབ་བྱེད་པ་དང་། ཆོས་ལུགས་ལས་རིགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་རང་ཉིད་ལ་སྲུང་སྐྱོབ་བྱེད་པར་སྣེ་ཁྲིད་བྱས་ནས། ཏང་ཨུ་དང་སྲིད་གཞུང་གི་དོ་དམ་དང་ལེན་བྱེད་དགོས། བཀག་འགོག་ནན་མོ་བྱེད་པ་དང་། མུ་མཐུད་དུ་གནས་སྐབས་མཚམས་འཇོག་གཉིས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། རང་སྟེང་གི་དོ་དམ་ལ་ཤུགས་བསྣན་ནས། རིམས་ནད་ཕྱི་ནས་ནང་ལ་ཁྱབ་པར་དང་ནང་ཁུལ་ནས་ཡང་བསྐྱར་མཆེད་པར་བཀག་འགོག་བྱེད་དགོས། སྔོན་འགོག་ནན་མོ་བྱས་ཏེ། སྤྱི་ཚོགས་སྒྲིག་ལམ་གྱི་འཆམ་མཐུན་གཏན་འཇགས་ལ་ཁག་ཐེག་བྱེད་དགོས། གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རིམས་ནད་ཕྱིར་བྱུང་བར་བཀག་འགོག་བྱེད་པ་དང་། བྱེད་ཐབས་བཟང་བོ་སྤྱད་དེ་ཆོས་ལུགས་ལས་རིགས་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་ཁག་ཐེག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།