ལིའུ་ཐོ་ཡིས་ཟི་ལིང་ས་ཁུལ་གྱི་ཉོ་ཚོང་དངོས་སྐྱེལ་བྱ་བར་རྟོག་ཞིབ་བྱས།

ཟླ་བཞི་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་ཟི་ལིང་ས་ཁུལ་གྱི་ཉོ་ཚོང་དངོས་སྐྱེལ་བྱ་བར་རྟོག་ཞིབ་བྱས་ནས་ནན་གྱིས་བསྟན་དོན། ཐབས་མང་མཉམ་སྤྱོད་ཀྱིས་ཚོང་གཉེར་དངོས་སྐྱེལ་གྱི་ལས་འགོ་བརྩམས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱེད་དགོས་ཟེར།

ལིའུ་ཐོ་སོགས་ཁྲའོ་དབྱང་དངོས་སྐྱེལ་ར་བའི་ཁུལ་དང་ཞིང་ཆེན་དངོས་ཐོན་སྡེ་ཚོགས་ཚད་ཡོད་ཀུང་ཟི། ཞིང་ཆེན་ཧྥུའུ་ཁང་སྨན་རྫས་སྡེ་ཚོགས་ཚད་ཡོད་ཀུང་ཟི། མཚོ་སྔོན་སྐྱེལ་འདྲེན་སྡེ་ཚོགས་མཚོ་སྔོན་ཞུན་ཏཱ་དངོས་སྐྱེལ་མ་རྐང་ཚད་ཡོད་ཀུང་ཟི། ཝན་ཅཱ་ཁྱིམ་ཆས་ར་བ་བཅས་ལ་སོང་ནས། ཉོ་ཚོང་དངོས་སྐྱེལ་ཁེ་ལས་ཀྱི་ལས་ཐོན་སླར་གསོ་དང་ཚོང་ལས་གཉེར་འགོ་རྩོམ་པ། ཁེ་ལས་ཚོང་གཉེར་ཉོ་ཚོང་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཁེ་ལས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་སྐབས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་འབད་འཐབ་བྱས་པ་དང་བྱས་རྗེས་བཞག་པར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཉོ་ཚོང་དངོས་སྐྱེལ་ནི་མཚོ་སྔོན་ཞིང་ཆེན་གྱི་སྡེབ་འཚོང་དང་སིལ་འཚོང་། སྡོད་ཁང་བཟའ་བཏུང་། སྡོད་དམངས་ཞབས་ཞུ་སོགས་ཀྱི་ཉོ་ཚོང་ཞབས་ཞུ་ལས་རིགས་ཚོང་རྫས་དངོས་སྐྱེལ་གྱི་གྲུབ་ཆ་གལ་ཆེན་ཡིན་པས། ཁེ་ལས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབོད་སྐུལ་དང་ལེན་བྱེད་པ་དང་། རང་སྟེང་གི་དགེ་མཚན་དང་ད་ཡོད་ཀྱི་ཚོང་རའི་དགེ་མཚན་ཐོན་ཁུངས་འདོན་སྤེལ་གང་ལེགས་བྱས་ནས། གྲོང་ཁྱེར་གྱི་མཁོ་འདོན་དང་བཟོ་ལས་ཐོན་རྗས་གཞི་རིམ་དུ་བསྐྱོད་པ། ཞིང་ལ་ཐོན་རྫས་གྲོང་ཁྱེར་དུ་བསྐྱོད་པ། ཕྱིར་སྐྱོད་ནང་འདྲེན་ཉོ་ཚོང་སོགས་ཐད་ཀྱི་དངོས་སྐྱེལ་དགོས་མཁོ་སྐོང་དགོས་ཟེར།

ལིའུ་ཐོ་ཡིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་དར་གོས་ཚོང་ལམ་རྒྱལ་སྤྱི་དངོས་སྐྱེལ་ལྟེ་གནས་སོགས་ལས་གཞི་འཛུགས་སྐྲུན་ལ་དམ་འཛིན་བྱེད་པ་དང་། ཉོ་ཚོང་དངོས་སྐྱེལ་ཁེ་ལས་སྟོབས་ལྡན་དུ་བསྒྱུར་ནས། ཉོ་ཚོང་དངོས་སྐྱེལ་ལས་གཞི་གཅིག་བསྡུས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།