2020ལོའི་ལོ་སྟོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་ལེན་དེ་ལོ་སྨད་ཀྱི་རྒྱུགས་ལེན་དང་དུས་གཅིག་ཏུ་རྩ་འཛུགས་བྱ་རྒྱུ་རེད།

སློབ་གསོ་པུའུ་དྲ་ཚིགས་ཀྱི་འཕྲིན། ཚེས24ཉིན། སློབ་གསོ་པུའུ་ཡིས2020ལོའི་ལོ་སྟོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་ལེན་དུས་འགྱངས་བྱས་ནས་ལོ་སྨད་ཀྱི་རྒྱུགས་ལེན་དང་དུས་གཅིག་ཏུ་ལག་བསྟར་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས་སྤེལ། སྤྱི་བསྒྲགས་ནང2020ལོའི་ལོ་སྟོད་དུ་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་ལེན་དེ་ལོ་སྨད་ཀྱི་རྒྱུགས་ལེན་དང་དུས་གཅིག་ཏུ་རྩ་འཛུགས་བྱས་ནས་ལག་བསྟར་བྱ་རྒྱུ་དང་། ལོ་སྟོད་དུ་མིང་ཐོ་བཀོད་ཅིང་རྒྱུགས་དངུལ་སྤྲད་ཟིན་པའི་མི་སྣས2020ལོའི་ལོ་སྨད་དུ་ཡིག་རྒྱུགས་གཏོང་བར་རེ་ཞུ་བྱེད་པའམ་རྒྱུགས་དངུལ་ཕྱིར་སློག་བྱ་རྒྱུར་རེ་ཞུ་ཞུས་ཆོག་པ། དེ་སྔོན་ཡིག་རྒྱུགས་ཀྱི་ཚད་གཞིར་ལོངས་པའི་སྐར་འབྲས་དང་དཔང་ཡིག་གི་གོ་ཆོད་དུས་ཡུན་ལོ་གཅིག་ལ་ནར་འགྱངས་བྱས་ཆོག་པ་བསྟན་ཡོད།

སྤྱི་བསྒྲགས་ཀྱིས་བསྟན་དོན། རྒྱལ་ཁབ་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་སྟེ། རྒྱ་ཆེ་བའི་རྒྱུགས་སྤྲོད་པ་དང་རྒྱུགས་ལེན་འབྲེལ་ཡོད་ཀྱི་ལས་དོན་མི་སྣའི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐངལ་འགན་ལེན་ཏན་ཏིག་བྱ་ཆེད། ཞིབ་འཇུག་བྱས་པ་བརྒྱུད། 2020ལོའི་ལོ་སྟོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་ལེན་དུས་འགྱངས་བྱས་ནས་ལོ་སྨད་ཀྱི་རྒྱུགས་ལེན་དང་དུས་གཅིག་ཏུ་ལག་ལེན་བསྟར་རྒྱུ་རེད། ལོ་སྟོད་དུ་མིང་ཐོ་བཀོད་ཅིང་རྒྱུགས་དངུལ་སྤྲད་ཟིན་པའི་མི་སྣས2020ལོའི་ལོ་སྨད་དུ་ཡིག་རྒྱུགས་གཏོང་བར་རེ་ཞུ་བྱེད་པའམ་རྒྱུགས་དངུལ་ཕྱིར་སློག་བྱ་རྒྱུར་རེ་ཞུ་ཞུས་ཆོག དེ་སྔོན་ཡིག་རྒྱུགས་ཀྱི་ཚད་གཞིར་ལོངས་པའི་སྐར་འབྲས་དང་དཔང་ཡིག་གི་གོ་ཆོད་དུས་ཡུན་ལོ་གཅིག་ལ་ནར་འགྱངས་བྱས་ཆོག ཞིབ་ཕྲའི་གཏན་འབེབས་གནས་ཚུལ་ཀྲུང་གོའི་སློབ་གསོ་ཡིག་རྒྱུགས་དྲ་བ་ནས་རྒྱུས་ལོན་བྱས་ཆོག ལོ་སྟོད་དུ་དགེ་རྒན་གྱི་ཐོབ་ཐང་ངོས་འཛིན་ལས་དོན་དེ་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)སོ་སོས་ཞིང་ཆེན་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་ལ་གཞིགས་ནས་ཞིབ་ཕྲའི་དུས་ཚོད་གཏན་འཁེལ་བྱ་དགོས། 

སྤྱི་བསྒྲགས་ནང་རྒྱུགས་སྤྲོད་མཁན་ལ་ཤུགས་རྐྱེན་ཐེབས་ཚད་ཇེ་ཆུང་དུ་གཏོང་བ་དང་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་ལས་ཀར་ཞུགས་པར་སྐུལ་འདེད་གཏོང་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མོས་མཐུན་བྱས་པ་བརྒྱུད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་སློབ་གསོ་པུའུ་སོགས་སྡེ་ཁག་བདུན་གྱིས་པར་འགྲེམས་བྱས་པའི《པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་གཅོག་ཆེད་ལས་རིགས་ཐོབ་ཐང་འགའི“སྔོན་ལ་ལས་གནས་སུ་ཞུགས་པ་དང་རྗེས་སུ་ཐོབ་དཔང་ལེན་པའི་”དུས་རིམ་རང་བཞིན་གྱི་བྱེད་ཐབས་ལག་བསྟར་བྱེད་པའི་སྐོར་གྱི་བརྡ་ཐོ》(མི་སྤྱི་པུའུ་འགྲེམས〔2020〕ཨང24པ།)ཡི་གཏན་འབེབས་ལྟར། སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་། འབྲིང་རིམ་ལས་རིགས་སློབ་གྲྭ་བཅས་ཀྱི་དགེ་རྒན་གྱི་ཐོབ་ཐང་ཐད“སྔོན་ལ་ལས་གནས་སུ་ཞུགས་པ་དང་རྗེས་སུ་ཐོབ་དཔང་ལེན་པའི་དུས་མཚམས་རང་བཞིན་གྱི་བྱ་ཐབས་ལག་ལེན་བསྟར་ནས་མི་སྤྱོད་ལས་ཁུངས་ཀྱིས2020ལོའི་ཟླ12པའི་ཚེས31ཉིན་གྱི་སྔོན་ལ་མཐོ་སློབ་སློབ་ཐོན་སློབ་མ་གདན་ཞུ་བྱེད་སྐབས་དགེ་རྒན་གྱི་ཐོབ་ཐང་དེ་ཚོད་འཛིན་རང་བཞིན་གྱི་ཆ་རྐྱེན་དུ་བརྩི་མི་རུང་། རྒྱ་ཆེའི་རྒྱུགས་སྤྲོད་མཁན་གྱིས་འབྲེལ་ཡོད་སྲིད་ཇུས་ལ་དུས་ཐོག་ཏུ་དོ་ཁུར་བྱེད་རོགས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།