མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་བཅོས་སྒྱུར་བྱ་བའི་མཐུན་སྦྱོར་ཚན་ཆུང་དང་ཞིང་ཆེན་ཏང་ཨུས་ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་མཐུན་སྦྱོར་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས23ཉིན་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ལས་དོན་མཐུན་སྦྱོར་ཚོགས་ཆུང་དང་ཞིང་ཆེན་ཏང་ཨུས་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་མཐུན་སྦྱོར་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་དང་ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པ་དང་དེ་བཞིན་ཞིང་ཆེན་ཏང་ཨུའི་ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ2019ལོའི་ལས་དོན་ཕྱོགས་སྡོམ་དང2020ལོའི་གཙོ་གནད་ལས་འགན་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཡན་པའོ་ཡིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཞིང་ཆེན་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཁྲིན་མིན་ཀའོ་དང་ཞིང་ཆེན་ཞིབ་དཔྱོད་ཁངགི་ཞིབ་དཔྱོད་དཔོན་མོན་ཡུང་ཧྲན་ཚོགས་འདུར་ཞུགས་ཡོད།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཁྲིད་སྟོན་དུ་བྱས་ཏེ་ཞན་ཆ་ལ་ཁ་གསབ་རྒྱུར་དམིགས་པ་དང་། སྒྲིག་སྲོལ་རང་བཞིན་དང་། ལམ་སྲོལ་རང་བཞིན། སྲིད་ཇུས་རང་བཞིན་བཅས་ཀྱི་སྒྱུར་བཅོས་ཀྱི་འགག་གནད་མེད་པ་བཟོ་བ། སྒྱུར་བཅོས་སྲིད་ཇུས་ཡག་པོ་སྤྱོད་པ་དང་། འདང་ངེས་སྤྱོད་པ། གནད་ལ་འཁེལ་བ་བཅས་བྱས་ཏེ་བཀྲག་མདངས་འཚེར་སར་བརྟེན་ནས་སྒྱུར་བཅོས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་དང་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྤྱི་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་སྣེ་ཁྲིད་བྱེད་དགོས། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པར་དམིགས་ཏེ་སྲིད་ཁྲིམས་སྒྲིག་གཞིའི་སྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། སྲིད་ཁྲིམས་སྒྲིག་གཞི་བསྒྱུར་བཅོས་ཟབ་སྤེལ་རྒྱུན་ཆད་མེད་པ་དང་ཁྲིམས་འཛིན་གྱི་འགན་འཁྲི་འཁུར་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སྲིད་ཁྲིམས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛིན་འགན་ལེན་འཐུས་སྒོ་ཚང་དུ་གཏོང་བ། རིམས་ནད་ཕོག་རྗེས་བཅོས་སྒྲིག་གི་ཁྲིམས་སྐྱོང་འགན་ལེན་ལ་དམ་འཛིན་ཏན་ཏིག་བྱེད་པ་བཅས་བྱས་ནས་ཁྲིམས་འཛིན་གྱོད་གཞི་ཚང་མའི་ནང་མི་དམངས་མང་ཚོགས་ལ་དྲང་སྙོམས་དྲང་བདེན་ཚོར་ཐུབ་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་སྲུང་སྐྱོང་ཡག་པོ་བྱེད་དགོས།

ཚོགས་འདུའི་ཐོག་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱི་འདོམས་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། ལས་ཀའི་ཕན་འབྲས་དངོས་ཐོན་པ་བཅས་བྱས་ཏེ་ཏང་གི་གཞི་རྩའི་འགོ་ཁྲིད་དེ་ཁྱབ་ཁོངས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། ད་ལོའི་ལས་ཀའི་ལས་འགན་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱེད་པ། དུས་རབས་གསར་པའི་སྲིད་ཁྲིམས་ལས་དོན་རྒྱུན་ཆད་མེད་པར་གསར་གཏོད་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་རེ་འདུན་བཏོན་པ་རེད། །

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།